བྲག་གཡབ་རྫོང་བེའུ་མགོ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018-08-03 10:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། བྲག་གཡབ་རྫོང་མཁར་སྒང་ཤང་བེའུ་མགོ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་པའི་མི་སྣ་དང་ཏང་ཡོན། གཉིས་ལྡན་དུད་སྦྲེལ་གྱི་ཁྱིམ་བདག་བཅས་ཁྱོན་མི་གྲངས་30ལྷག་སྒྲིག་འཛུགས་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་སྤེལ་ཡོད།

ཤེས་གསལ་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོའི་ཐོག་གོ་བདེ་བའི་འགྲེལ་བཤད་དང་དཔེ་མཚོན་གྱི་གྱོད་གཞི། གཏིང་ཟབ་ཀྱི་དབྱེ་ཞིབ་བཅས་བརྒྱུད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སྔར་བས་གཏིང་ཟབ་པའི་ངོས་འཛིན་བྱུང་ཐུབ་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་དྲིན་བསམ་པ། ཏང་གི་བཀའ་དྲིན་འཇལ་བ། ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་འདུ་ཤེས་རྩ་བརྟན་དུ་བཏང་ཡོད། བེའུ་མགོ་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་བུ་ཡག་གིས།“ད་ཐེངས་ཀྱི་སྒྲོག་འགྲེལ་སྤེལ་བ་བརྒྱུད་མེས་རྒྱལ་སྔར་བས་སྟོབས་འབྱོར་ཇེ་རྒྱས་དང་ཏང་གི་རྒྱ་ཆེའི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ང་ཚོར་ལུས་སེམས་གཉིས་ཐོག་ནས་མྱོང་ཚོར་ཐུབ་བྱུང་།ངས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་བསྒྲགས་དང་རང་འཁྲིའི་ལས་འགན་ཟུང་དུ་སྦྲེལ་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དགོངས་དོན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་ལག་བསྟར་ནན་ཏན་བྱེད་རྒྱུ་ཡིན།’’ཞེས་བཤད།