གྲོང་ཁྱེར་རིག་གནས་ཕྱོགས་བསྡུས་ཁྲིམས་འཛིན་ཡན་ལག་རུ་ཁག་གིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་གཙང་སྦྲ་ཆེན་པོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018-08-17 10:05:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཙང་གསུམ་ཇ་རྟ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པར་བསུ་བ་ཞུ་ཆེད། ཚེས15ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་གྱི་རིག་གནས་ཕྱོགས་བསྡུས་ཁྲིམས་འཛིན་ཡན་ལག་རུ་ཁག་གིས་རིག་གནས་ཁྲོམ་རའི་ཚོང་ཁང་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་གད་སྙིགས་དཀར་པོ་སོགས་གཙང་སེལ་བྱེད་པའི་བྱེད་སྒོ་སྤེལ་ཤིང་། བྱེད་སྒོའི་ནང་མི་ཚང་མས་བཙོག་པ་དང་དཀའ་ངལ་ལ་མི་སྐྲག་པར། བྱམས་པ་གླིང་དགོན་གྱི་ཉེ་འཁོར་རི་འདབས་ལ་ཡོད་པའི་གད་སྙིགས་རྣམས་རེ་རེ་བཞིན་གཙང་ཕྱག་བྱས་པས། གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པ་མ་ཟད། ཆབ་མདོ་ཡིས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་བྱེད་པར་ལེཊ་སྐྱེས་ཕུལ་ཡོད།