དཔའ་ཤོད་རྫོང་ཡངས་པ་ཤང་གིས།དཔའ་ཤོད་རྫོང་ཡངས་པ་ཤང་གིས།བྱ་ཐབས་སྣ་ཚོཌ་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་བསྟར་བ།

གསར་འགྱུར་སྤེལ་དུས།  【2018-08-24 10:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། དཔའ་ཤོད་རྫོང་ཡངས་པ་ཤང་གིས“བཀའ་དྲིན་གང་ནས་བྱུང་བ་དང་སུ་ལ་བཀའ་དྲིན་འཇལ་བ”ཞེས་པའི་བོད་གསར་རྙིང་བསྡུར་བའི་མང་ཚོགས་ཀྱི་གཏམ་བཤད་འགྲན་བསྡུར་བྱས་པ་དང་ཡངས་པ་ཤང་གི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་མི། སློབ་གྲྭའི་དགེ་སློབ། ཞིང་འབྲོག་མང་ཚོགས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སོགས་མི་300ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་བོད་གསར་རྙིང་བསྡུར་བའི་གཏམ་བཤད་འགྲན་བསྡུར་དང་། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་སྒྲོག་འགྲེལ་བྱེད་སྒོ། རིག་རྩལ་སྐོང་འཁྲབ་སོགས་ལ་བརྟེན་ནས་སྤེལ་བ་རེད། བོད་གསར་རྙིང་བསྡུར་བའི་གཏམ་བཤད་འགྲན་བསྡུར་ནང་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་རེ་རེ་བདམས་པ་དང་། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་སྒྲོག་འགྲེལ་བྱེད་སྒོའི་ནང་དྲིལ་བསྒྲཌ་ཤོག་ལྷེ་60ལྷག་ཙམ་སྤྲད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས།སློབ་མས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུཌ་ཁུར་ཚོར་བར་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་རང་རྟོཌ་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།