“ཏང་གི་འོད་ཟེར་ང་ཡི་སེམས་ནང་གནས”

—ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་ཐང་ཆེན་རིག་རྩལ་འཁྲབ་སྟོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019-03-29 11:55:00】

ཚེས27ཉིན་གྱི་སྔ་དྲོ་“ཏང་གི་འོད་ཟེར་ང་ཡི་སེམས་ནང་གནས”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་ཐང་ཆེན་རིག་རྩལ་འཁྲབ་སྟོན་དེ་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད།

སྙན་ཞིང་འཇེབས་པའི་གླུ་གཞས་དང་ཡིད་དབང་འཕྲོག་པའི་ཞབས་བྲོ་ཡིས་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60རིང་ལ་ཆབ་མདོའི་དཔལ་འབྱོར་སྤྱི་ཚོགས་ཐད་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕེལ་རྒྱས་མཚོན་པ་དང་། ཏང་གི་སྲིད་ཇུས་བཟང་པོར་བསྟོད་གླུ་འབུལ་བ།  ཆབ་མདོའི་སྣང་བརྙན་གསར་པ་ལེགས་པར་འགྲེམས་པ།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སེམས་སྒྲ་བཅས་མཚོན་ཡོད།