༄༅།།དུས་རབས་གསར་པར་བསྟོད་གླུ་ལེན། ལམ་བུ་གསར་པར་རྒྱང་སྐྱོད་བྱེད།

—ཆབ་མདོགྲོང་ཁྱེར་གྱིས་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་པར་རིས་བདམས་བཀོད།

གསར་འགྱུར་སྤེལ་དུས།  【2019-03-29 12:00:00】

ལོ60རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་ཏུ་རིམ་བྱུང་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཆབ་མདོའི་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།  ད་ཆ་ཆབ་མདོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་འཚོ་རྒྱུན་བསྲིང་ངང་ལེགས་བཅོས།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།

ཟླ3ཚེས28ཉིན་ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བྱེད་སྒོ་སྣ་མང་སྤེལ་ནས་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུས་ཡོད།

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་གླུ་གཞས《ང་དང་ང་ཡི་མེས་རྒྱལ》ཞེས་པའི་མཉམ་སྡེབ་བྱེད་སྒོ་སྤེལ་བ།

“ཏང་གི་འོད་ཟེར་ང་ཡི་སེམས་ནང་གནས”ཞེས་པའི་ཐང་ཆེན་རིག་རྩལ་འཁྲབ་སྟོན།

གྲོང་ཁྱེར་དམངས་འཐུས་འཐུས་མིས་གསར་བརྗེའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་པ།

འཇོ་མདའ་རྫོང་འབོ་ཐང་གྲོང་ཚོའི་མང་ཚོགས་ཀྱིས་རང་འགུལ་ངང་རྒྱལ་དར་སྒྲེང་བ།

《འབྱོར་འབྲིང་ལམ་བུ》ཞེས་པའི་ཞབས་བྲོ།

དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ར་དར་གྲོང་ཚོས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རེས་མདའ་གྲོང་ཚོས་སྐོར་བྲོ་འཁྲབ་པ།