ངེད་གྲོང་ཁྱེར་གྱིས་ད་ལོའི་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྐུལ་སློང་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019-04-09 16:25:44】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་2ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི་2019ལོའི་“སྣང་ཆེན་བཞི་དང་དགའ་ཞེན་བཞི་”ཡི་མང་ཚོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། གྲོང་ཨུད་ཧྲུའུ་ཅི་གཞོན་པ་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལིས་ཡུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཅན་གོས་ཚོགས་འདུར་གཙོ་སྐྱོང་གནང་ཡོད།

ལིས་ཡུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞི་རིམ་ལ་སྣུར་སྲིང་དང་། བདེན་དོན་གསལ་པོར་བཤད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་གཙོ་བོ་འཛིན་ནས་ཏང་གི་བོད་སྐྱོང་མཛད་སྐྱོང་སྲིད་ཇུས་ནང་དོན་གཏིང་ཟབ་དང་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་དོན་སྙིང་གལ་ཆེན་དང་རང་གྲོང་ཁྱེར་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཁྱོན་ཡོངས་ནས་རྒྱས་བཤད་གང་ལེགས་བྱས་པ། ཞིང་འབྲོག་མང་ཚོགས་དང་ན་གཞོན་སློབ་མ། དགོན་སྡེ་གྲྭ་བཙུན། རྒྱལ་ཁོངས་ཁེ་ལས་བཟོ་པ་སོགས་“དམིགས་བྱ་ཡུལ་བཞི་“དམིགས་ནས་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པར་སྔར་ལས་ལྷག་པའི་དམིགས་འབེན་བཅུ་མངོན་འགྱུར་གང་ཐུབ་བྱ་དགོས། དྲིལ་བསྒྲགས་དཔུང་ཁག་ཆེ་རུ་གཏོང་བ་དང་སྒྲོག་འགྲེལ་སྦྱོང་བརྡར་དམ་འཛིན། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་”སྣང་ཆེན་བཞི་དང་དགའ་ཞེན་བཞིའི“མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་ཆེ་རུ་ཏན་ཏིག་བཏང་དགོས། བསམ་ཕྱོགས་གསར་གཏོད་དང་ལག་ལེན་དམ་འཛིན་བྱས་ནས་”སྣང་ཆེན་བཞི་དང་དགའ་ཞེན་བཞིའི་“མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རྟེན་གཞི་ཡག་པོ་སྤྱོད་དགོས། ལས་འགན་བཞི་དོན་འཁྱོལ་ཡག་པོ་དང་ཁོར་ཡུག་བཟང་པོ་སྐྲུན་པ་དང་། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ནན་པོ་བྱེད་པ་བཅས་བྱས་ནས་”སྣང་ཆེན་བཞི་དང་དགའ་ཞེན་བཞིའི་“མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

ཀྲའོ་ཅན་གོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སློབ་གསོའི་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ་སྐུ་ངོ་མས་སྐུལ་སློང་དང་། དངོས་སུ་བཀོད་སྒྲིག་དོན་འཁྱོལ་ནན་ཏན། རིམ་པ་རེ་རེ་བཞིན་འགག་གནད་དམ་འཛིན་བཅས་བྱེད་པ་དང་། རིམ་པ་རེ་རེ་བཞིན་དམ་འཛིན་དང་། རིམ་པ་རེ་རེ་བཞིན་སྣེ་ཁྲིད་བྱ་དགོས། དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་འདུ་ཤེས་བཞི་བརྟན་པོ་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་རྩ་དོན་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འགྲོ་ལམ་ཐོག་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་དགོས། ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཚད་གཞི་ཆེ་ཤོས་དང་། དུས་ཚོད་མགྱོགས་ཤོས། ཁྱབ་ཁྱོན་ཆེ་ཤོས་བཅས་ཀྱི་ཐོག་ནས་སློབ་གསོ་དང་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ནང་དོན་ཁྱིམ་ཚང་ཀུན་གྱི་ཤེས་པ་དང་། མི་ཚང་ཚང་མས་རྟོག་པ་བྱ་དགོས་ཞེས་ནན་བཤད་གནང་ཡོད།