དཔྱིད་མགོའི་ཁམ་བུ་མེ་ཏོག་རབ་ཏུ་བཞད། མགྲོན་པོ་ཡུལ་སྐོར་ཆས་པའི་དུས་ཚིགས་ཡིན།

གསར་འགྱུར་སྤེལ་དུས།  【2019-04-26 12:50:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།  “རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་འཛུགས”བྱ་རྒྱུ་ནི“བདུན་ལྡན་གྲོང་ཁྱེར་མཉམ་གཏོད”ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས།   ཆབ་མདོའི་ལོ་རྒྱུས་དང་།  ས་ཁོངས།  ཐོན་ཁུངས།  སྣོད་བཅུད།  རིག་གནས་ཁྱད་ཆོས་ཀྱི་ལེགས་ཆ་བཅས་ལ་གཞི་བཙུགས་ཏེ་ལོ་རྒྱུས་ཀྱི་རིག་གནས་དང་།  གསར་བརྗེའི་རིག་གནས། མངོན་མིན་རིག་གནས།  ཡུལ་སྲོལ་དམངས་སྲོལ།  ནགས་ཚལ་དང་རྩྭ་ར།  གངས་འཁྱགས་དང་ཆུ་ཚན།  སྣོད་བཅུད་སྤྲོ་གསེང་།  སོས་དལ་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་སྤུས་ལེགས་ཀྱི་ས་ཁོངས་ཡུལ་སྐོར་ལས་རིགས་ཤིག་བསྐྲུན་ནས་“ངོ་མཚར་ཆེ་བའི་ཆབ་མདོ།  སྤྲོ་ཞིང་སྤྲོ་བའི་ཁམས་པ”ཞེས་པའི་ཡུལ་སྐོར་མིང་རྟགས་གཏོད་ཡོད།  པར་འདི་ནི་ལྷོ་རོང་རྫོང་རྔུལ་ཤོད་ཤང་གི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་ལས་ཡུལ་དངོས་ཡིན་པ།