ཁྲིམས་སྐྱོང་བོད་ལྗོངས་ཀྱི་རྨང་གཞི་འདིང་མཁན་ཞིག་བྱེད་པར་འདོད།

བློ་བཟང་ཆོས་འཕེལ།

གསར་འགྱུར་སྤེལ་དུས།  【2019-05-08 11:12:49】

1971ལོར། བོད་ལྗོངས་ཆབ་མདོ་སྟག་རྩ་ཐང་དུ་སྐྱེས། 1987ལོར། ཀྲུང་གོ་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་སྲིད་ཁྲིམས་ཆེད་ལས་སུ་རྒྱུགས་འཕྲོད། སློབ་གྲྭ་ཐོན་རྗེས་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཏུ་ལས་བགོས་བརྒྱབ་ནས་གཞུང་ལས་པ་ཞིག་བྱས།

1995ལོར། བོད་ཀྱི་མཉམ་སྡེབ་ཁྲིམས་རྩོད་པའི་ལས་དོན་ཁང་ཐོག་མ་སྟེ། བོད་ལྗོངས་ཧེང་ཧྥུང་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས།

2002ལོར། ཨ་རིར་སློབ་གཉེར་བྱེད་པར་བསྐྱོད།

2004ལོར། ཁྲིམས་རིག་པའི་རབ་འབྱམས་པ་ཐོན་རྗེས་ཕ་ཡུལ་དུ་ལོག

2006ལོར། བོད་ཀྱི་བཅའ་ཁྲིམས་ཀྱི་སྤྱི་པའི་དཔེ་དེབ་ཆ་འཕྲིན་ལྟེ་གནས་ཐོག་མ་བཙུགས།

2009ལོར། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་དང་ཚོང་དོན་བཅའ་ཁྲིམས་ཀྱི་འབུམ་རམས་པར་རྒྱུགས་འཕྲོད་ནས་བོད་ཀྱི་བཅའ་ཁྲིམས་ཀྱི་འབུམ་རམས་པ་དང་པོར་གྱུར།

ཁྲིམས་སྐྱོང་བོད་ལྗོངས་ཀྱི་ཕུགས་འདུན་དོན་གཉེར་པ།

“མི་སྟོང་འཇལ་བ་ཞེས་པའི་ཐ་སྙད་དེ་དེང་རབས་པ་ཚོའི་ངོས་ནས་བརྗོད་ན་ཐོས་མྱོང་མེད་པ་ཞིག་རེད། འོན་ཀྱང་ངའི་ཕ་ཡུལ་ཆབ་མདོར་བོད་རྙིང་པའི་སྐབས་སུ་གནས་ཚུལ་དེ་ཡོངས་ཁྱབ་ཏུ་ཐོན་གྱི་ཡོད། མི་བསད་རྗེས་དངུལ་ངེས་ཅན་ཞིག་སྤྲད་ན་མི་སྟོང་འཇལ་བ་ཟེར་གྱི་ཡོད་པ་དང་དེ་ནི་ཞིང་བྲན་དབུལ་ཕོངས་མང་པོ་ཞིག་གི་ངོས་ནས་བརྗོད་ན་དྲང་གཞག་གཏན་ནས་མེད་པ་ཞིག་རེད”ཅེས་བོད་ཀྱི་ཁྲིམས་རིག་པའི་འབུམ་རམས་པ་དང་པོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བ་བློ་བཟང་ཆོས་འཕེལ་གྱིས་བརྗོད་པ་དང་།

ཁོང་གིས་དྲང་གཞག་མིན་པའི་ཡུལ་ཐབས་དེ་ལྟ་བུ་བོད་དུ་ལོ་ངོ་བརྒྱ་ཕྲག་ཁ་ཤས་རྒྱུན་མཐུད་པ་དང་། དངོས་འབྲེལ་དྲང་འབྲེལ་གྱི་ཁྲིམས་སྐྱོང་ཞེས་པའི་ཐ་སྙད་དེ་བོད་དུ་ལག་བསྟར་བྱས་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ལས་སོང་མེད་ཅེས་བརྗོད།

བློ་བཟང་ཆོས་འཕེལ་གྱིས་ལྷ་ས་འདམ་ར་ལམ་དུ་ཡོད་པའི་ཁོང་གི་ཁྲིམས་རྩོད་པའི་ལས་དོན་གཞུང་ལས་ཁང་དུ་ཉིན་ལྟར་ཡིག་ཚགས་འབོར་ཆེན་ཞིག་ལྟ་ཀློག་བྱས་རྗེས་ཁྲིམས་ར་ཚོགས་པ་དང་ཁུངས་སྐྱེལ་དག་འབུད་བྱེད་པར་འགྲོ་གི་ཡོད། ལོ་20ལྷག་ཙམ་གྱི་ཁྲིམས་རྩོད་པའི་ལོ་ཟླའི་ནང་ཁོང་གིས་ཐག་གཅོད་བྱས་པའི་གྱོད་གཞི་གྲངས་ལས་འདས་པ་ཡོད། གྱོད་གཞི་རེ་རེ་ཡི་རྒྱབ་ཏུ་ཁོང་ཧ་ལས་ཧང་སངས་དགོས་པ་ནི་བོད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་བ་དེ་རེད་ལ་ཁོང་རང་ཉིད་ལ་ཡང་དེའི་དབང་གིས་ཁྲིམས་སྐྱོང་ཕུགས་འདུན་ཕ་ཡུལ་གྱི་ས་ཆ་ཚང་མར་མངོན་འགྱུར་བྱེད་པའི་གོ་སྐབས་བྱུང་ཡོད།

“འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད། རང་ཉིད་མི་སྒེར་གྱི་འཚར་ལོངས་ནི་བོད་ཀྱི་འཕེལ་རྒྱས་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཆོག ”1971ལོར། བློ་བཟང་ཆོས་འཕེལ་བོད་ལྗོངས་ཆབ་མདོ་སྟག་རྩ་ཐང་དུ་སྐྱེས། སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བའི་དབང་གིས་1987ལོར་བློ་བཟང་ཆོས་འཕེལ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་སྲིད་ཁྲིམས་ཆེད་ལས་སུ་རྒྱུགས་འཕྲོད། པེ་ཅིང་དུ་སློབ་ཆེན་འགྲིམས་རིང་། ཁོང་གིས་སློབ་སྦྱོང་ལ་བརྩོན་འགྲུས་ཆེན་པོ་བྱས་ནས་བཅའ་ཁྲིམས་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་བཏིང་བ་མ་ཟད། བོད་ཕུད་པའི་འཛམ་གླིང་ལ་ཁོང་གིས་རྒྱུས་མངའ་སྔར་ལས་ལྷག་པ་ཞིག་ལོན་པར་བྱས་ཡོད། སློབ་གྲྭ་ཐོན་རྗེས་བློ་བཟང་ཆོས་འཕེལ་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཏུ་ལས་བགོས་བརྒྱབ་ནས་གཞུང་ལས་པ་ཞིག་ཏུ་གྱུར། འོན་ཀྱང་ལས་ཀ་ལོ་ཁ་ཤས་བྱས་རྗེས་ཁོང་གིས་ལས་ཁུངས་ནས་རྦད་དེ་དགོངས་པ་ཞུས། 1995ལོར། བློ་བཟང་ཆོས་འཕེལ་གྱིས་འདོད་བློ་མཐུན་པའི་ཁྲིམས་རྩོད་པ་དང་མཉམ་དུ་བོད་ཀྱི་མཉམ་སྡེབ་ཁྲིམས་རྩོད་པའི་ལས་དོན་ཁང་ཐོག་མ་སྟེ། བོད་ལྗོངས་ཧེང་ཧྥུང་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས།

ཁྲིམས་རྩོད་པའི་ལས་དོན་ཁང་དེ་རྒྱུན་གཏན་གྱི་བགྲོད་ལམ་ཐོག་སྐྱོད་ཐུབ་པ་བྱུང་ནས་བྱ་གཞག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་སྐབས་སུ་བློ་བཟང་ཆོས་འཕེལ་གྱིས་ཕྱི་རྒྱལ་དུ་ཟབ་སྦྱོང་ལ་བསྐྱོད་རྒྱུའི་སེམས་ཐག་བཅད།

2002ལོར། བློ་བཟང་ཆོས་འཕེལ་ཨ་རིར་སློབ་གཉེར་བྱེད་པར་བསྐྱོད། འཚམས་འདྲི་མཁས་དབང་ཞིག་ཡིན་པའི་ངོས་ནས་ཁོ་ལོམ་པི་ཡ་སློབ་ཆེན་དུ་ཨ་རིའི་རིག་གནས་དང་ལོ་རྒྱུས་སློབ་སྦྱོང་བྱས། ལོ་ཕྱེད་སོང་རྗེས་ཁོང་ལ་མེ་ལི་ཅན་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར་ནས་ཁྲིམས་རིག་པའི་སློབ་གླིང་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་ཀྱི་ཆེད་ལས་སློབ་སྦྱོང་བྱེད་པར་བསྐྱོད། 2004ལོར། ཁྲིམས་རིག་པའི་རབ་འབྱམས་པ་ཐོན་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་ཡུལ་དུ་ལོག

2009ལོར། བློ་བཟང་ཆོས་འཕེལ་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་དང་ཚོང་དོན་བཅའ་ཁྲིམས་ཀྱི་འབུམ་རམས་པར་རྒྱུགས་འཕྲོད་ནས་བོད་ཀྱི་ཁྲིམས་རིག་པའི་འབུམ་རམས་པ་དང་པོར་གྱུར་པ་མ་ཟད། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དང་མཉམ་དུ་ནུབ་རྒྱུད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཞིབ་འཇུག་བྱེད་མཁན་གྱི་ཞིབ་འཇུག་ལྟེ་གནས་དང་པོ་བཙུགས་ཏེ་བོད་ཀྱི་ཞིང་འབྲོག་ཁུལ་དུ་ཁྲིམས་སྐྱོང་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་སྤྱི་ཚོཌ་ཚན་རིག་ཐེབས་རྩའི་རྣམ་གྲངས་ཤིག་ལེགས་སྒྲུབ་བྱས་པ་རེད།

དུས་རབས་འཕོ་འགྱུར་དངོས་སུ་མྱོང་མཁན།

“ད་ཆ་ཚང་མས་གནད་དོན་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱེད་ཀྱི་ཡོད། རང་ཉིད་ལས་རིགས་འདིར་ཞུགས་མ་ཐག་པའི་སྐབས་སུ་འདི་འདྲ་གཏན་ནས་མིན”ཞེས་བློ་བཟང་ཆོས་འཕེལ་གྱིས་དྲན་གསོ་བྱེད་བཞིན་1996ལོར་ཁྱིམ་རྒྱུད་ཆེན་པོ་ཞིག་ཏུ་ནང་ཁུལ་གྱི་རྒྱུ་ནོར་རྩོད་གཞི་ཞིག་ཐོན་པ་དང་། རྩོད་གཞི་ཐག་གཅོད་བྱ་ཆེད། ཁོང་ཚོ་རང་འགུལ་ངང་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ང་ཚོའི་ཧེང་ཧྥུང་ཁྲིམས་རྩོད་པའི་ལས་དོན་ཁང་དུ་སླེབས་བྱུང་། ཁོང་གིས་ཁྲིམས་རྩོད་པའི་སྣེ་ཁྲིད་དེ་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་སྐབས། ཁྱིམ་ཚང་དེའི་ལོ་80ལྷག་ཙམ་ལ་སླེབས་པའི་ཨ་མ་རྒན་མོས་ང་ཚོ་དང་མཐུན་སྦྱོར་གཏན་ནས་མ་བྱས་པ་མ་ཟད། ད་དུང་ཁོང་གིས་བུ་མོར“ང་མི་དེ་ཚོ་དང་སྐད་ཆ་ཤོད་འདོད་མི་འདུག་ལ། འདི་ནི་ང་ཚོའི་ཁྱིམ་གྱི་དོན་དག་ཡིན་པས། ཁོང་ཚོར་ཐེ་ཇུས་མེད”ཅེས་ཤོད་ཀྱི་འདུག གལ་སྲིད་གནས་ཚུལ་དེ་མུ་མཐུད་ཇེ་སྡུག་དུ་སོང་ན་ཁྱིམ་རྒྱུད་ཆེན་པོ་དེ་ཁ་ཐོར་དུ་སོང་བའི་ཉེན་ཁ་ཆེན་པོ་འཕྲད་སྲིད་པས་མཐར་ཨ་མ་རྒན་མོས་མཐུན་ཐབས་བྱས་བྱུང་ཞེས་བཤད།

“གྱོད་དཔེ་དེས་ལྟ་བ་གསར་རྙིང་བོད་ཀྱི་སྤྱི་ཚོགས་སུ་འགྱུར་ལྡོག་ཕྱིན་པ་མཚོན་གྱི་ཡོད་ལ་བོད་ཀྱི་ཁྲིམས་སྐྱོང་དུས་རབས་ཀྱི་འཕོ་འགྱུར་ཡང་མཚོན་ཡོད། རང་ཉིད་འཕོ་འགྱུར་དེ་མིག་མཐོང་ལག་ཟིན་བྱུང་མཁན་ཞིག་ཏུ་གྱུར་པར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བློ་བཟང་ཆོས་འཕེལ་གྱིས་བརྗོད་པ་དང་། ཁོང་གིས་ཁྲིམས་རྩོད་པའི་ལས་དོན་ཁང་ཐོག་མར་འཛུགས་སྐབས་ཁེ་ལས་ཁག་གཅིག་ལ་མ་གཏོགས་བཅའ་ཁྲིམས་བློ་འདྲི་བ་དགོས་ཀྱི་མེད། རྗེས་སུ་སྲིད་གཞུང་དང་རིམ་ཁག་སྲིད་འཛིན་སྡེ་ཚན་དབར་རིམ་བཞིན་རྒྱ་བསྐྱེད་བྱུང་ཡོད། སྤྱི་ཚོ྆ཌ་ཟམ་མི་ཆད་པར་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་མི་སེར་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཀྱང་རིམ་བཞིན་ཟབ་ཏུ་སོང་ནས་བོད་དུ་ཁྲིམས་སྐྱོང་ཤེས་དཔལ་རིམ་བཞིན་ཆཌ་པ་དང་འཕེལ་རྒྱས་ཡང་ཕྱིན་ཡོད། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། 2006ལོར། བློ་བཟང་ཆོས་འཕེལ་གྱིས་བོད་ཀྱི་བཅའ་ཁྲིམས་དཔེ་དེབ་ཆ་འཕྲིན་ལྟེ་གནས་བཙུགས་པ་དེ་བོད་ཀྱི་བཅའ་ཁྲིམས་ཀྱི་སྤྱི་པའི་དཔེ་དེབ་ལྟེ་གནས་ཐོག་མ་རེད། བོད་ལྗོངས་དཔེ་དེབ་ཁང་དུ་ཡོད་པའི་བཅའ་ཁྲིམས་དཔེ་དེབ་ཆ་འཕྲིན་ལྟེ་གནས་སུ་བཅའ་ཁྲིམས་ཀྱི་རིག་གཞུང་དཔེ་དེབ་དང་། བཅའ་ཁྲིམས་ཀྱི་ཆེད་རྩོམ། བཅའ་ཁྲིམས་ཀྱི་སློབ་གཞི། ཁྲིམས་ལུགས་རིག་པའི་དུས་དེབ་སོགས་དེབ་6000ལྷག་ཙམ་ཉར་ཚགས་བྱས་ཡོད།

ཁྲིམས་རྩོད་པས་དེ་བས་ལེགས་པའི་སྒོ་ནས་སྲིད་ཞུགས་སྲིད་གླེང་ཐུབ་སྟེ་ཁྲིམས་བཞིན་བོད་སྐྱོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། བློ་བཟང་ཆོས་འཕེལ་གྱིས་ཁྲིམས་སྐྱོང་གི་གྲོས་གཞི་མང་པོ་བཏོན་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་ཐད་ཇུས་འདོན་ཧུར་ཐག་བྱས་པ་མ་ཟད། སྲིད་གཞུང་གི་ཚོང་འགུགས་མ་འདྲེན་དང་མ་འཇོག་རྣམ་གྲངས་མང་པོའི་བཅའ་ཁྲིམས་ཀྱི་གནད་འགག་དམ་འཛིན་ལས་དོན་གྱི་འགན་འཁུར་གྱི་ཡོད། “ད་ཆ་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱབ་ཁབ་སྐྱོང་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་གི་ཡོད་པས་བོད་ལྗོངས་རྗེས་སུ་ལུས་མི་རུང་། རང་ཉིད་ཁྲིམས་སྐྱོང་བོད་ལྗོངས་ཀྱི་རྨང་གཞི་འདིང་མཁན་ཞིག་བྱེད་པར་འདོད”ཅེས་བློ་བཟང་ཆོས་འཕེལ་གྱིས་བཤད།