འཛམ་གླིང་མ་ཡུམ་དུས་ཆེན།

གསར་འགྱུར་སྤེལ་དུས།  【2019-05-10 11:25:00】

ཛམ་གླིང་གཅིག་གྱུར་གྱི་མ་ཡུམ་དུས་ཆེན་དུས་ནམ་ཞིག་ནས་དར།

ལན།  ད་སྐབས་འཛམ་གླིང་རང་བཞིན་གྱི་མ་ཡུམ་དུས་ཆེན་འདི་ནི།  དང་ཐོག་ཡོ་རོབ་གླིང་གི་གནའ་བོའི་གྷི་རི་སི་རྒྱལ་ཁབ་ཀྱིས་ལོ་རེའི་ཟླ་༡་༨ཉིན་མ་ཡུམ་དུས་ཆེན་ལ་གཏན་ཁེལ་བྱས་པ་ནས་བཟུང་རོ་མ་རྒྱལ་ཁབ་སོགས་ཡུལ་ཕྱོགས་མང་པོ་ཞིག་ནས་མ་ཡུམ་དུས་ཆེན་འདི་ལ་རོལ་བའི་སྲོལ་དར། དུས་རབས་༡༧པར་དབྱིན་ཇི་རྒྱལ་ཁབ་ལ་སྲོལ་དེ་དར་ནས་རྒྱལ་ཁབ་དེས་ལོ་ལྟར་ཟླ་༢པའི་གཟའ་འཁོར་བཞི་པའི་རེས་གཟའ་ཉི་མའི་ཉིན།  ཕྱི་སྡོད་བུ་ཕྲུག་རྣམས་ཕྱིར་ཕ་མའི་ཁྱིམ་དུ་ལོག་སྟེ་མ་ཡུམ་ལ་ལེགས་སྐྱེས་མང་ལགས་ཕུལ་བ་དང་། མ་བུ་མཉམ་འཛོམས་བྱེད་པའི་དུས་ཚིགས་གསར་བ་ཞིག་བསྐྲུན།  དེ་རྗེས་དུས་རབས་༡༩ནང་དུ་ཨ་རི་ནས་ཟླ་༦པའི་ཟླ་དཀྱིལ་ལ་མ་ཡུམ་དུས་ཆེན་རོལ་སྲོལ་དར།  དེ་མིན་ཐེ་ལན་དི་རྒྱལ་ཁབ་ནས་ཟླ་༡༠་༥ དང་།  ཕོར་ཐུ་གལ་རྒྱལ་ཁབ་ནས་ཟླ་༡༢་༨ དང་། རྒྱ་གར་ནས་ཟླ་༡༢་༢༢ལ་རོལ་བ་སོགས་མ་ཡུམ་དུས་ཆེན་འདི་ལ་དུས་ཚིགས་མི་འདྲ་བ་མང་དུ་དར།  མཐར་ཨ་རིའི་རྒྱལ་ཁབ་ཀྱི་སྤྱི་དོན་ལ་ཚེ་སྲོག་ཕུལ་བའི་རླབས་ཆེན་གྱི་མ་ཡུམ་ཝེའུ་སིའི་རྗེས་དྲན་དེ་ལོ་རེའི་ཟླ་ ༥་༩ ཉིན་ཡིན་ཏེ། ཟླ་ལྔ་བའི་གཟའ་འཁོར་གཉིས་པའི་རེས་གཟའ་ཉི་མའི་ཉིན་ནི་མོའི་དྲན་གསོའི་དུས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་གཞིར་བཟུང་ནས་ ༡༩༡༣་༥་༡༠ ཉིན་ཨ་རིའི་སྲིད་གཞུང་གིས་ལོ་ལྟར་ཟླ་༥་༩ཉིན་མོ་འདི་ནི་མ་ཡུམ་ཡོངས་ལ་རྗེས་དྲན་བྱེད་པའི་ཉིན་མོ་བྱེད་རྒྱུར་གཏན་ཁེལ་བྱས་ཏེ་ཁྱབ་བསྒྲགས་བྱས་པ་ཡིན།  དེ་རྗེས་རིམ་བཞིན་ཉིན་དེ་ནི་འཛམ་གླིང་ཡོངས་ཀྱི་མ་ཡུམ་དུས་ཆེན་དུ་གཅིག་གྱུར་བྱུང་བ་རེད།  ༡༩༨༨ལོར་རྒྱ་ནག་གི་ལྷོ་ཕྱོགས་ནས་དར་དེ་རིམ་བཞིན་རྒྱལ་ནང་ཡོངས་ལ་དར་ཁྱབ་ཏུ་གྱུར།   ཡིན་ནའང་ད་དུང་བོད་ཁུལ་སོ་སོ་ན་མ་ཡུམ་དུས་ཆེན་འདི་ཐུན་མོང་གི་དུས་ཆེན་གལ་ཆེ་ཤོས་ཞིག་ལ་ངོས་འཛིན་བྱེད་པའི་གོམས་སྲོལ་ཉུང་ཙམ་དུ་འདུག  དུས་ཆེན་འདི་ནི་འཛམ་གླིང་གི་རྒྱལ་སྤྱིས་ཆེད་དུ་རང་རང་གི་དྲིན་ཆེན་མ་ཡུམ་ཚོར་ལེགས་སྐྱེས་ཕུལ་བའི་ཉིན་མོ་ཞིག་དང་། ཡང་ན་མ་བུ་ལྷན་འཛོམས་ཀྱི་གོ་སྐབས་ཆེས་བཟང་བའི་དུས་ཚིགས་ཤིག་སྤྲད་པ་ཡིན་ཟེར་ནའང་ཆོག གང་ལྟར་ཉིན་མོ་འདིར་ཕྱི་གླིང་སོགས་ཡུལ་ཁམས་གཞན་དག་ཏུ་སོང་བའི་བུ་ཕྲུག་ཚོ་ཆེད་དུ་ཕྱིར་ཕ་མའི་ཁྱིམ་དུ་ལོག་སྟེ་ལེགས་སྐྱེས་སྣ་ཚོགས་ཕུལ་བ་དང་། ལྷག་པར་དུ་རྒྱའི་སྐད་དུ་ཁང་ནེ་ཤེན་དཔའ་ཟེར་བའི་མེ་ཏོག་དེ་མ་ཡུམ་དུས་ཆེན་ལ་ཆེད་དུ་ཕུལ་བའི་ལེགས་སྐྱེས་ཤིག་དང་། མ་ཡུམ་དུས་ཆེན་མཚོན་བྱེད་གཅིག་པུར་གྱུར་ཡོད་པ་ཡིན། ཉིན་འདིར་མ་བུ་ཚོ་མཉམ་དུ་དགའ་སྟོན་གྱི་འཚོ་བ་གསར་བ་ཞིག་ལ་རོལ་བའི་གོམས་སྲོལ་དེ་ད་ལྟ་འཛམ་གླིང་ཡོངས་ལ་དར་ཁྱབ་ཏུ་སོང་ཡོད་པ་ཞིག་ཡིན།

ང་ཚོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁོ་ཚོར་ཞབས་ཞུ་ཡག་པོ་བྱ་དགོས་པ་ལས་དྲིན་ལན་ལོག་འཇལ་བྱ་མི་རུང་།

རྒྱལ་སྤྱིའི་མ་ཡུམ་དུས་ཆེན་ནི་མ་ཡུམ་རྣམས་ལ་བཀའ་དྲིན་ཞུ་བའི་དུས་ཆེན་ཞིག་ཡིན་ཞིང་། དུས་ཆེན་འདི་ཆེས་སྔ་མོ་གནའ་བོ་ཀེ་རི་སེའི་ནས་དར་ཡོང་བ་རེད། འོན་ཀྱང་དེང་སང་གི་མ་ཡུམ་དུས་ཆེན་ནི་ཐོག་མར་ཨ་རི་ནས་དར་ཡོང་བ་ཡིན་ལ། ལོ་ལྟར་ཟླ་ལྔ་བའི་གཟའ་འཁོར་གཉིས་པའི་གཟའ་ཉི་མ་ཉིན་མོར་མ་ཡུམ་དུས་ཆེན་དུ་གཏན་འབེབས་བྱས་ཡོད་པ་རེད། དུས་ཆེན་འདིའི་སྐབས་སུ་མ་ཡུམ་རྣམས་ལ་མེ་ཏོག་སོགས་ལེགས་སྐྱེས་འདྲ་མིན་ཕུལ་བཞིན་ཡོད། དེ་ཡང་ཁང་ནེ་ཤིས་ཞེས་པའི་མེ་ཏོག་དེ་མ་ཡུམ་རྣམས་ལ་ཕུལ་རྒྱུའི་མེ་ཏོག་གཙོ་བོ་ཡིན་ལ། རྒྱ་ནག་བ་རྣམས་ཀྱིས་མེ་ཏོག་སི་ལིང་ལྗང་པ་མ་ཡུམ་མེ་ཏོག་ཏུ་ངོས་འཛིན་གྱིན་ཡོད། དེ་ཡི་མིང་གཞན་ལ་ཐུགས་བསྙེལ་མེ་ཏོག་ཀྱང་ཟེར།

མིག་སྔར་ཤེས་རྟོགས་བྱུང་བའི་མ་ཡུམ་དུས་ཆེན་ཆེས་ཐོག་མར་དར་ས་ནི་གནའ་བོ་ཀེ་རེ་སིའི་ཡིན་པ་དང་། ཉིན་དེར་གནའ་བོ་ཀེ་རེ་སིའི་མི་ཡིས་ཀེ་རེ་སིའི་ལྷ་ཚོགས་ཀྱི་མ་ཡུམ་ཧི་ལ་ལ་གུས་འདུད་དང་བསྙེད་བཀུར་བྱེད་བཞིན་ཡོད། ཕྱིས་སུ་དུས་རབས17པའི་དུས་དཀྱིལ་དུ་དུས་ཆེན་འདི་དབྱིན་ཇིན་ལ་དར་ཁྱབ་བྱུང་བ་དང་། ཉིན་འདི་ཡི་ནང་དུ་ཕྱིར་ལོག་ཏུ་སོང་བའི་ན་གཞོན་རྣམས་ཁྱིམ་དུ་ལོག་ནས་མ་ཡུམ་རྣམས་ལ་ལེགས་སྐྱེས་ཆུང་ངུ་རེ་ཕུལ་སྲོལ་ཡོད།

ཨ་རིའི་མ་ཡུམ་དུས་ཆེན་ནི་ཨ་ན•གུས་ཝེས་སི(1864—1984)ཡིས་འགོ་རྩོམ་ཡོང་བ་ཡིན་ཞིང་། ཁོ་མོ་ཚེ་གང་བོ་གཉེན་སྒྲིག་མ་བྱས་པར་མ་ཡུམ་ལ་ཞབས་ཏོག་བསྒྲུབས་ནས་བསྡད་པ་རེད། ཨ་ན•གུས་ཝེས་སི་ཡི་མ་ཡུམ་ནི་བསམ་པ་བཟང་པོ་དང་བྱམས་སེམས་ལྡན་པ་ཞིག་ཡིན་པས། ཁོ་མོས་མ་ཡུམ་རྣམས་དྲན་གསོ་བྱེད་པའི་ཉི་མོ་ཞིག་གཏན་ཁེལ་བྱས་ནས་གུས་གུས་ཞུམ་ཞུམ་ངང་བུ་ཕྲུག་ཀྱི་ཆེད་དུ་རླབས་ཆེན་གྱི་བྱས་རྗེས་འཇོག་བཞིན་པའི་མ་ཡུམ་རྣམས་དྲན་གསོ་བྱེད་དགོས་པའི་རེ་བ་བཏོན།  ཡིན་ན་ཡང་རེ་བ་དེ་མངོན་གྱུར་མ་བྱུང་གོང་ནས་ཁོ་མོ་ཞིང་དུ་གཤེགས། ཁོ་མོའི་བུ་མོ་ཨ་ན•གུས་ཝེས་སི་ཡིས1907ལོར་བྱེད་སྒོ་དེ་འགོ་རྩོམ་པ་དང་། རྗེས་ཕྱོགས་མ་ཡུམ་དུས་ཆེན་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དུས་ཆེན་ཞིག་ཏུ་འགྱུར་ཐུབ་པར་རེ་ཞུ་བྱས།

སྤྱི་ལོ1907ལོའི་ཟླ5ཚེས10ཉིན་ཨ་རིའི་ནུབ་ཝེ་ཇེ་ཉི་ཡ་དང་ཕན་སོ་ཝེ་ཉི་ཡ་མངའ་སྡེ་ནས་དུས་ཆེན་དེ་ཉིད་ཀྱི་མཛད་སྒོ་དངོས་སུ་འགོ་རྩོམ་པ་དང་། སྤྱི་ལོ1913ལོར། ཨ་རིའི་རྒྱལ་ཚོགས་ཀྱིས་ལོ་ལྟར་ཟླ5པའི་གཟའ་འཁོར་གཉིས་པའི་གཟའ་ཉི་མ་ཉིན་མོ་མ་ཡུམ་དུས་ཆེན་དུ་ཁྲིམས་ཀྱིས་གཏན་ཁེལ་བྱས་པ་མ་ཟད། ཉིན་དེར་ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་མ་ཡུམ་རྣམས་ལ་གུས་འདུད་ཀྱིས་དྲན་གསོ་བྱེད་དགོས་པ་གཏན་ཁེལ་བྱས། ཨ་ན•གུས་ཝེས་སའི་མ་ཡུམ་མ་གཤེགས་གོང་ཆེས་དགའ་སའི་ཁང་ནེ་ཤིས་ཞེས་པའི་མེ་ཏོག་དེ་ཨ་རིའི་མ་ཡུམ་དུས་ཆེན་གྱི་མཚོན་བྱེད་དུ་གྱུར་ཡོད།