ངེད་གྲོང་ཁྱེར་གྱི་སློབ་གྲྭའི་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019-05-17 16:20:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་10ཉིན་གྱི་སྔ་དྲོ། ངེད་གྲོང་ཁྱེར་གྱི་སློབ་གྲྭའི་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། གྲོང་སྤྱི་གཞོན་པ་སྒྲོན་དཀར་ཚོགས་འདུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

སྒྲོན་དཀར་གྱིས་2018ནས་བཟུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་དང་མཛུབ་ཁྲིད་ཞིབ་ཚགས་འོག་རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་དེ་བཞིན་འབྲེལ་ཡོད་ཚན་པ་ཁག་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་བརྟན་ལྷིང་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་སློབ་གྲྭའི་བདེ་འཇགས་འགན་ལེན་བྱས་ཡོད།

སྒྲོན་དཀར་གྱིས་2019ལོའི་སློབ་གྲྭའི་བདེ་འཇགས་བརྟན་ལྷིང་དམིགས་ཚད་གསལ་པོ་གཏན་འཁེལ་བྱེད་ཡོད། ངེས་པར་དུ་སྒྲིག་ཁྲིམས་ནན་དུ་གཏོང་དགོས། རྫོང་(ཆུས་)ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག སློབ་གྲྭ་ཁག་བཅས་ཀྱིས་བདེ་འཇགས་བརྟན་ལྷིང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་གསོ་དང་སློབ་གྲྭར་འབྲེལ་བ་ཡོད་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་ཞེས་ནན་བཤད་གནང་བ།