ཆབ་མདོ་གྲོང་ཁྱེར་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019-06-07 17:15:00】


ད་ལོའི་ཟླ6ཚེས5ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན།  ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་ཀྱིས་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་།  སློབ་གསོ་ཅུད།  རང་བྱུང་ཐོན་ཁུངས་ཅུད་སོགས་ལས་ཁུངས་དང་ཁེ་ལས་མཉམ་འབྲེལ་བྱས་ཏེ་འཛམ་གླིང་ཁོར་ཡུག་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་བྱེད་སྒོས་འཕྲེད་འགེལ་སྦྱར་ཡིག་དང་།  འགྲེམས་པང་འགྲེམས་སྟོན།  བློ་འདྲི་སྟེགས་བུ་བཙུགས་པ།  དྲིལ་བསྒྲགས་དངོས་རྫས་སྤྲད་པ། ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བཅས་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱས་ཡོད། པར་འདི་ནི་གྲོང་མིས“འབྱུང་འཕྲོད་གཏོད་འཛུགས”ཀྱི་མིང་རྟགས་སྟེགས་བུ་སྟེང་རང་ཉིད་ཀྱི་མིང་རྟགས་འགོད་བཞིན་པ།