ཆབ་མདོས།

གྲོང་ཁུལ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་སྤེལ་ནས་ཁྱིམ་གཞིས་མཛེས་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2019-06-07 07:15:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།འདི་ལོའི་ཟླ་3པ་ཤར་ཚུན་དུ། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣོད་བཅུད་ཆབ་མདོ་དང་། ལྗང་མདོག་ཆབ་མདོ། མཛེས་སྡུག་ཆབ་མདོ་བཅས་ཧུར་ཐག་བཏོད་ནས། གྲོང་ཁུལ་སྔོ་ལྗང་མཛེས་བཟོ་དང“མེ་ཏོག་གི་རྒྱ་མཚོའི”བྱ་སྤྱོད་ཤུཌ་ཆེན་སྤེལ་ཏེ་ཆབ་མདོ་དེ་ཉིད་སྣོད་བཅུད་སྡོད་མལ་གྱི་སྔོ་ལྗང་གྲོང་ཁྱེར་དུ་ཧུར་ཐག་བཏོད་པ་རེད།

མགྲོན་བསུ་ལམ་ཆེན་དང་། རྒྱལ་ལམ་214རྒྱུད་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ་དུམ་བུ་དང་། ཧྲེན་ཀྲེང་ལམ། ཧའེ་ནན་ལམ་བཅས་སུ ཐང་ཤིང་སོགས་སྡོང་རིང་རིགས་ཀྱི་ལྗོན་ཤིང་རྐང་2500དང་། སྡོང་ཐུང་རིགས་ཀྱི་ལྗོན་ཤིང་དང་རྩི་ཤིང་སྨི་ངོས་གྲུ་7000བཏབ་པ་དང་། ལོ་སེར་ཡོ་འབོག་སོགས་སྡོང་རིང་རིགས་ཀྱི་ལྗོན་ཤིང་རྐང་1500དང་། སྨྱུག་མ་ཁོག་མ་ཁྲི་4 སྡོང་ཐུང་རིགས་ཀྱི་ལྗོན་ཤིང་རྐང་ཁྲི་5བཅས་བཏབ་པ། 2018ལོར་ཚན་པ་བཅུའི་ར་སྐོར་གཏོར་ནས་སྔོ་འགྱུར་བྱས་པའི་རྨང་གཞིའི་ཐོག་ཆབ་མདོ་གྲོང་ཁྱེར་སློབ་ཆུང་གཉིས་པ་དང་། སྨན་རྩིས་ཁང་། མ་བུ་བདེ་སྲུང་སྨན་ཁང་སོགས་ཚན་པ་ལྔའི་ར་སྐོར་གཏོར་ནས་སྔོ་འགྱུར་དང་། དེ་བཞིན་སྔོ་འགྱུར་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་བྱས་ཏེ། སྤང་སྨི་ངོས་གྲུ་6500དང་སྡོང་རིང་རིགས་ཀྱི་ལྗོན་ཤིང་སྨི་ངོས་གྲུ་2000བཏབ་པ། གྲོང་ཁྱེར་ཨ་མའི་ཁུལ་དང་། སེང་གེ་གྲོང་ཚོ་ནས་ཁ་རུབ་གྲོང་རྡལ་བར་གྱི་རྒྱལ་ལམ་214ཡི་ངོགས་གཉིས་སུ་སྐལ་བཟང་མེ་ཏོག་འདེབས་པའི་ལས་གྲྭ་ལག་བསྟར་གྱིས་སྐལ་བཟང་མེ་ཏོག་སྨི་ངོས་གྲུ་ཁྲི་1.2བཏབ་པ་བཅས་བྱས་པ་རེད།