འདི་ལོ་རང་གྲོང་ཁྱེར་གྱི་སློབ་མ3518མཐོ་རྒྱུགས་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019-06-11 16:05:00】

གསར་འགོད་པས་གྲོང་ཁྱེར་སློབ་གསོ་ཅུད་ནས་ཤེས་རྟོགས་བྱུང་བ་ལྟར་ན།  2019ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནང་རང་གྲོང་ཁྱེར་གྱི་སློབ་མ3518མཐོ་རྒྱུགས་ནང་ཞུགས་པ་ལས་བོད་རིགས་སློབ་མ3383དང་རྒྱ་རིགས་སློབ་མ135་ཡོད་ལ་རིག་ཚན་སློབ་མ་1427དང་རྩིས་ཚན་སློབ་མ2091ཡོད།  གྲོང་ཁྱེར་ཡོངས་སུ་ཁྱོན་རྒྱུགས་གནས་4དང་རྒྱུགས་ར121བཀོད་སྒྲིག་བྱས་ཤིང་རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན300དང་ཡིག་རྒྱུགས་ལས་དོན་མི་སྣ400ལྷག་བཀོད་སྒྲིག་བྱས་ཡོད། པར་འདི་ནི་གྲོང་ཁྱེར་མཐོ་འབྲིང་དང་པོའི་རྒྱུགས་གནས་སུ་སློབ་མ་ཚོ་གོ་རིམ་ལྡན་པའི་ངང་རྒྱུགས་རར་འཛུལ་བཞིན་པའི་རྣམ་པ་ཡིན་པ།