ཧྲུའུ་ཅི་ལི་ལའང་ཅེ་དང་གྲོང་མིའི་དབར་གྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2019-06-14 07:35:00】

ལི་ལའང་ཅེས་བསོད་ནམས་ཆོས་འཛོམས་ཀྱི་རྨ་ལ་ལྟ་བཞིན་པའི་གནས་ཚུལ་ཡིན་པ།

དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ར་དར་གྲོང་ཚོ་ནི་དུད་ཁྱིམ་32ཀྱི་མི་གྲངས་202ལས་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ཧུའུ་པེ་ནས་ཡིན་པའི་ལི་ལའང་ཅེ་གྲོང་ཚོ་དེར་སླེབས་ནས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་ལས་དོན་རུ་ཁག་གི་རུ་དཔོན་གྱི་ལས་འགན་འཁུར་བཞིན་ཡོད།  ལས་ཀར་ཞུགས་པའི་ཉིན་དང་པོར་ཁོང་གིས་རང་ཉིད་ལ“མི་བྱེད་པ་དྲུག ”གི་དམ་བཅའ་བཞག་སྟེ་རྒྱན་རྩེད་མི་བྱེད་པ་དང་ཆང་རག་མི་འཐུང་བ། རྣམ་འགྱུར་གང་བྱུང་དུ་མི་སྟོན་པ། བདེན་པ་དང་དྲང་བཞག་མེད་པའི་བྱ་བ་མི་ཡང་མི་བསྒྲུབ་པ། ཕྱི་འབྱོར་ཐེངས་གཅིག་ཀྱང་མི་བྱེད་པ། མང་ཚོགས་ཀྱི་དོན་དངོས་དཀའ་ངལ་དང་གནད་དོན་གཟའ་འཁོར་གཅིག་མི་འགྱངས་པར་ལན་སྒྲུབ་བྱེད་ཐུབ་པ་བཅས་ཀྱི་སྒྲིག་ལམ་བཟོས་པ་རེད།

སློབ་གཉེར་གྱི་ཕུགས་འདུན་བསྒྲུབ་ནས་དབུལ་པོའི་རྒྱུད་པ་བཅད་པའི་བསོད་ནམས་ཆོས་འཛོམས།2016ལོའི་ལོ་མཇུག་ཏུ་གྲོང་ཚོའི་ནང་སླེབས་ཙམ་ཡིན་པའི་ལི་ལའང་ཅེས་ལོ་བཅུ་ཙམ་ཡིན་པའི་བུ་མོ་ཆུང་ཆུང་ཞིག་རྟག་ཏུ་གྲོང་ཚོའི་ཐང་ཆེན་དུ་སྐོར་བཞིན་ཡོད་པ་མཐོང་བ་མ་ཟད་གྲོང་ཚོའི་ཕྲུ་གུ་གཞན་དག་སློབ་གྲྭར་འགྲོ་བའི་དུས་ཚོད་ནང་ཁོ་མོ་དེ་གར་ཡོང་བཞིན་ཡོད་པ་རེད།

སྐད་ཆ་དྲིས་ནས་ཤེས་རྟོགས་བྱུང་གསལ་བུ་མོ་ཆུང་ཆུང་དེའི་མིང་ལ་བསོད་ནམས་ཆོས་འཛོམས་ཟེར་ཅིང་ལོ་2ཀྱི་སྐབས་ཨ་ཕ་ཚེ་ལས་འདས་ནས་ཁྱིམ་ནང་མ་སྨད་གཉིས་ལས་ལྷག་མེད་པ་དང་ཨ་མ་ཨ་ནིར་གྲུམ་ནད་ཚབས་ཆེན་ཞིག་ཕོག་ཡོད་པས་རྒྱུན་དུ་ལས་ཀ་ལྗིད་པོ་ལས་མི་ཐུབ་ཅིང་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་ཡིན། ཁྱིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་རང་གི་ཨ་མར་ལྟ་རྟོག་བྱ་ཆེད་བསོད་ནམས་ཆོས་འཛོམས་སློབ་བྱོལ་མི་བྱེད་ཀ་མེད་བྱུང་།ཡིན་ནའང་ཁོ་མོ་སློབ་གྲྭར་འགྲོ་བའི་གྲ་སྒྲིག་བྱ་ཆེད་་ལི་ལའང་ཅེ་ཡིས་དུས་ཚོད་ཁོམ་པ་བྱུང་འཕྲལ་བསོད་ནམས་ཆོས་འཛོམས་ལ་གསབ་ཁྲིད་བྱས་པས་ལོ་གཅིག་གི་རྗེས་ཁོ་མོས་སྤྱིའི་ཆ་ནས་རྒྱ་ཡིག་དང་བོད་ཡིག་གི་འབྲི་ཀློག་ཤེས།

2017ལོར། སྲིད་གཞུང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་ལ་རོགས་སྐྱོར་མ་དངུལ་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་བ་དང་གྲོང་ཚོའི་བྱེ་མ་བཟོ་གྲྭའི་ཡོང་འབབ། ད་དུང་ལས་དོན་ཚོགས་ཆུང་གི་ཐད་ཀར་རོགས་རམ་བྱས་པ་བརྒྱུད་བསོད་ནམས་ཆོས་འཛོམས་ཁྱིམ་གྱི་དཔལ་འབྱོར་དཀའ་ངལ་ཆུང་དུ་ཕྱིན་པ་དང་མ་སྨད་གཉིས་ཀྱི་སེམས་ཁྲལ་ཡང་རིམ་བཞིན་མེད་པར་ཆགས་པས་ལི་ལའང་ཅེས་ཡིས་སློབ་གསོ་བཏང་བ་དང་གྲོས་མཐུན་བྱས་རྗེས་མཐར་བསོད་ནམས་ཆོས་འཛོམས་བདེ་བླག་ངང་དཔལ་འབར་རྫོང་སློབ་འབྲིང་དུ་སློབ་ཞུགས་ཐུབ་པ་རེད།ཕྲུ་གུ་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་ཁྱིམ་ཚང་མང་པོ་དབུལ་པོ་ལས་སྒྲོལ་ཆེད།  ལི་ལའང་ཅེ་ཡིས་གྲོང་ཚོའི་ནང་གི་ཕྲུ་གུ་ཚོའི་སློབ་གསོ་ཐེབས་ཚད་ལ་དོ་ཁུར་ཆེན་པོ་བྱེད་ཅིང་ལོ་ལྟར་དགུན་གསེང་རིང་ཁོང་གིས་ལས་དོན་ཚོགས་ཆུང་སྒྲིག་འཛུགས་ཀྱིས་དགུན་གསེང་གསབ་སྦྱོང་འཛིན་གྲྭ་དང་མཚན་སྦྱོང་འཛིན་གྲྭ་སོགས་བཙུགས་ཏེ་ཕྲུ་གུ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་ཡོད་པ་མ་ཟད་མི་སྒེར་ནས་སྒོར་300ནས་སྒོར་500བར་གྱི་སློབ་གསོའི་རོགས་དངུལ་འདོན་གྱིན་ཡོད།

ཡེ་ཤེས་ཐར་པའི་འཕེལ་རྒྱས་ཀྱི་ལམ་བུ།

འཕེལ་རྒྱས་ནི་མང་ཚོགས་འབབ་འཕར་ཡོང་བའི་ཐབས་ལམ་ཡག་ཤོས་དེ་ཡིན། ལི་ལའང་ཅེ་ཡིས་གྲོང་ཚོའི་ནང་གི་བསམ་རྒྱ་ཅུང་ཆེ་བ་དང་འཕེལ་རྒྱས་ཐད་ངོས་འཛིན་དྲག་པོ་ཡོད་པའི་གྲོང་མི་ལ་ལྟ་ཞིབ་བྱས་ནས་ཁོ་ཚོར་སྟབས་བདེའི་ཚོང་ཁང་འཛུགས་དགོས་པའི་སྐུལ་མ་བཏང་བ་རེད།  ཚོང་ཁང་གཉེར་མ་ཐག་པའི་ཡེ་ཤེས་ཐར་པ་ཚོང་ཡག་པོ་མེད་པའི་དཀའ་ངལ་འཕྲད་པས་ཡིད་ཆེས་མེད་པར་བློས་གཏོང་བྱེད་རྩིས་བྱས། ཡིན་ཡང་ལི་ལའང་ཅེ་ཡིས་དོན་དག་དེའི་ཆེད་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་མཐར་ཐབས་ཤེས་ཤིག་རྙེད་དེ་མང་ཚོགས་རྣམས་ཀྱིས་དུས་ཚོད་སྟོང་པའི་ནང་སྒྲོམ་སྟེགས་སྤོ་ལོ་རྒྱག་རྒྱུར་དགའ་བའི་གོམས་གཤིས་དེ་མཐོང་ནས་ཡེ་ཤེས་ཐར་པར་ཚོང་ཁང་ནང་སྒྲོམ་སྟེགས་སྤོ་ལོ་ཞིག་ཉོ་རྒྱུའི་གྲོས་མགོ་བཏོན་པ་རེད། ཐབས་ཤེས་དེ་ཡེ་ཤེས་ཐར་པའི་བློ་ལ་འཐད་པར་བྱུང་སྟེ་ཉིན་གཉིས་མ་འགོར་བར་རྫོང་ནས་སྒྲོམ་སྟེགས་སྤོ་ལོ་ཞིག་ཉོས་ནས་ཚོང་ཁང་ནང་བཞག་་པས་མི་འགྱངས་བར་དེ་གར་ཚོང་ཟོག་ཉོ་མཁན་གྱི་མི་ཇེ་མང་ཏུ་ཕྱིན་ནས་ཟླ་རེར་ཁེ་བཟང་སྒོར་6000ཙམ་བྱུང་ཡོད། ད་ཆ་ལི་ལའང་ཅེ་ཡིས་གྲོང་མི་ཚོ་ཇི་ལྟར་དབུལ་པོ་ལས་སྒྲོལ་ཐུབ་པ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་འགྲོ་ཐུབ་པའི་ཆེད་ཐབས་དང་གྲོས་མགོ་འདོན་ཅི་ཐུབ་བྱེད་བཞིན་ཡོད།

བུ་ཐོག་རྒྱལ་མཚན་ལས་ཞུགས་ཐུབ་ནས་་དཀའ་ངལ་འཕྲད་ཀྱང་སེམས་མི་ཕམ།

ལི་ལའང་ཅེར་གྲོང་རྡལ་ནས་བརྡ་ཐོ་འབྱོར་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་ལ་ཞིབ་བཤེར་གྱི་ལས་དོན་སྤེལ་ཏེ་“འཛུལ་མི་ཆོག་པ་བདུན”དང་“འདོན་པ་བརྒྱད”   ཀྱི་མི་སྣར་ཞིབ་བཤེར་ཕྱིར་སློག་བྱས་པ་རེད།  བུ་ཐོག་རྒྱལ་མཚན་གྱི་ཁྱིམ་ནི་ཞིབ་བཤེར་ཕྱིར་སློག་གི་གྲས་ཡིན། རྒྱུ་མཚན་ནི་ཁོའི་ཨ་མ་གཡང་བཟང་ནི་རིམ་པ་གསུམ་གྱི་དབང་པོ་སྐྱོན་ཅན་ཡིན་པས་མ་མཐའི་འཚོ་བའི་འགན་སྲུང་དང་དབང་པོ་སྐྱོན་ཅན་གྱི་རོགས་དངུལ་བླངས་རྗེས་སྐྱེ་ཁམས་ལས་གནས་དུས་ལྟར་ལས་འགན་ཁུར་མི་ཐུབ་ཅིང་ཁོ་རང་ཉིད་ཀྱང་རྫོང་སྤྱི་བདེ་ཅུད་ཀྱི་ལས་རོགས་ཉེན་རྟོག་པར་བཙུད་པས་དེ་སྔོན་གྱི་རོགས་སྐྱོར་སྲིད་ཇུས་དེ་དག་མེད་པར་བཟོས་པ་རེད།ད་ལྟ་ལས་ཞུགས་བྱས་ཙམ་ཡིན་པའི་བུ་ཐོག་རྒྱལ་མཚན་ཡོང་འབབ་དམའ་བའི་ཁར་ཟླ་རེར་ཁང་གླ་སྒོར་600སྤྲོད་དགོས་པས་འཚོ་བ་སྔར་བཞིན་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།  དེ་མཐོང་འཕྲལ་ལི་ལའང་ཅེ་སེམས་ཀྱིས་མི་བཟོད་པར་དོན་དག་དེ་ཐག་གཅོད་བྱེད་རྒྱུའི་གཏན་འཁེལ་བྱས་ཏེ་རྫོང་ནང་དུ་ཡོད་པའི་རང་ཉིད་ཀྱི་ལས་ཁུངས་ཀྱི་ཁང་པ་དེ་བུ་ཐོག་རྒྱལ་མཚན་ལ་སྤྲད་པ་རེད།

མང་ཚོགས་དང་ཐད་ཀར་ངོ་གཏུགས་པ་དང་ཞབས་ཞུ་བསྒྲུབ་པའི་ཏང་རྩ་འཛུགས་ཅིག་ཡིན་པའི་ཆ་ནས་དོན་དག་ཆེ་ཆུང་ཅི་ཡིན་ཡང་རང་ནུས་ཡོད་རྒུ་དང་བློ་གཅིག་སེམས་གཅིག་གིས་བསྒྲུབ་ནས་མང་ཚོགས་སེམས་ནང་གི་ལས་བྱེད་པ་ཡག་པོ་ཞིག་བྱེད་རྒྱུ་ཡིན་ཞེས་ལི་ལའང་ཅེས་གཏམ་ཚིག་དཀྱུས་མའི་ཐོག་ནས་གཞི་རིམ་ལས་བྱེད་པའི་སེམས་ཀྱི་འབོད་སྒྲ་བཤད་བྱུང་།