སྐྱེ་ཁམས་ཞིང་ལས་བརྟེན་ནས་འབབ་འཕར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019-06-18 12:26:52】

2015ལོར་རི་བོ་ཆེ་རྫོང་བེའུ་མདའ་ཤང་གིས་རྫོང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་མ་དངུལ་བརྩོན་ལེན་བྱས་པས་སྐྱེ་ཁམས་ཀྱི་ཞིང་ལས་དཔེ་སྟོན་རྟེན་གཞི་བསྐྲུན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་རྟེན་གཞི་འདི་ལ་ཁ་རུབ་བོད་ཕག་བརྒྱ་ཙམ་དང་། ལྷུང་ལ་རི་བོའི་བྱ2000ལྷག སྤྱི་གནོད་མེད་པའི་སྔོ་ཚལ་དྲོད་ཁང8བཅས་ཡོད་ལ་དེས་ས་གནས་ཀྱི་དབུལ་ཕོངས་དུད་ཁྱིམ18ཀྱི་མི་གྲངས58ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྣེ་ཁྲིད་ཡོད། པར་འདི་ནི་མང་ཚོགས་ཀྱིས་དྲོད་ཁང་དུ་ཤ་མོའི་སྐྱེ་ཚུལ་ལ་ལྟ་བཞིན་པ།