གད་སྙིགས་རིགས་དབྱེ་དར་སྤེལ་གཏོང་། མཛེས་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད།

གསར་འགྱུར་སྤེལ་དུས།  【2019-06-18 07:35:00】

རྫོགས་ལྡན་ར་བའི་ཁུལ་ཆུང་གི་གད་སྙིགས་རིགས་དབྱེའི་འཕེན་ས།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་གད་སྙིགས་རིགས་དབྱེའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པ་བྱས་ཏེ་ནུས་ལྡན་གྱི་སྐུལ་འདེད་དང་ཁྲིད་སྟོན་བརྒྱུད་མི་སྔར་ལས་མང་བ་བྱ་སྤྱོད་སྤེལ་དུ་བཅུག་ནས་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མི་ཚང་མ་ཞུགས་ནས་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཆེད་མཉམ་དུ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་དུ་བསྟར་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཧུར་ཐག་ངང་མཐུན་སྦྱོར་བཀོད་སྒྲིག་དང་ཁྱོན་ཡོངས་ནས་སྐུལ་སློང་། དམངས་ཡོངས་ཞུགས་པ་བཅས་བྱས་ཏེ་སྡེ་ཁུལ་ཁག་ཏུ་གད་སྙིགས་རིགས་དབྱེའི་འཕེན་ས་བཙུགས་ནས་མཛེས་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད།