ཆབ་མདོ་གྲོང་ཁྱེར་གྱིས།

རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019-07-09 09:30:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཤེས་གཏོད་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཁ་རུབ་ཆུས་དང་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གི་ལས་བགོས་འགན་གཉེར་ཤེས་གཏོད་གཞུང་ལས་ཁང་གི་འགོ་ཁྲིད་པ་དང་ལས་དོན་མི་སྣ་གསོ་སྦྱོང་ལ་ཞུགས་པ་རེད།

གསོ་སྦྱོང་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དཔྱད་ཡིག་འདུན་ཞུ་དང་། ས་ཆ་དངོས་སུ་ཚད་ལེན་དཔྱད་བསྡུར་བྱེད་པའི་རྣམ་གྲངས་ཀྱི་ནང་དོན་དང་ཚད་གཞིའི་བླང་བྱ་སོགས་ལ་གསལ་འགྲེལ་བརྒྱབ་པ་མ་ཟད། དཔྱད་ཡིག་སྐྱེལ་བའི་བརྒྱུད་རིམ་དང་། དཔྱད་ཡིག་བསྡུ་བའི་ཁྱབ་ཁོངས། དཔྱད་ཡིག་ལེགས་སྒྲིག་གི་ཚད་གཞི། དཔྱད་ཡིག་གི་རྣམ་གཞག་སོགས་ཐད་ནས་པར་རིས་ཀྱི་དཔྱད་ཡིག་དང་། དངོས་གཞིའི་ཡིག་ཆ། གསལ་བཤད་སྙན་ཞུ། གྲངས་གཞིའི་རེའུ་མིག་བཅས་སྐྱེལ་བའི་བླང་བྱར་མཛུབ་ཁྲིད་ཁ་གསལ་བྱས་ཤིང་། ས་ཆ་དངོས་ཀྱི་རྟོག་ཞིབ་དང་འདྲི་ཤོག་བརྟག་དཔྱད་སོགས་ས་ཆ་དངོས་ཀྱི་ཚད་ལེན་དཔྱད་བསྡུར་ནང་དོན་ལ་རིམ་པ་བཞིན་གསལ་འགྲེལ་བརྒྱབ་པ་རེད།