ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་ཆུང་གིས་བཀོད་གཏོང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019-07-12 07:35:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།  ཚེས་11ཉིན་གྱི་སྔ་དྲོ་ངེད་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ནི་གྲོང་ཁྱེར་ཤེས་དཔལ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཅན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཀྲའོ་ཅན་གོས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་དོན་དངོས་མཚོན་ཚུལ་ཞིག་དང་། སྤྱི་ཚོགས་རིང་ལུགས་དང་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག  གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་དང་འཕེལ་རྒྱས་ཆུ་ཚད་གཅིག་སྡུད་ཐོག་མཚོན་པ་ཞིག་བཅས་ཡིན་པས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐུབ་རྒྱུ་རེད།

ཀྲའོ་ཅན་གོས་སྣེ་ཁྲིད་ཚན་པ་ཁག་གིས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བློ་ཁོག་ཆེན་པོས་རང་འགུལ་ངང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱེད་པ། གསར་གཏོད་དམིགས་ཚད་དང་། ལས་ཁུངས་ཀྱི་འགན་འཁྲི། དྲ་ཐོག་སྙན་ཞུ། འདྲི་ཤོག་བརྟག་དཔྱད་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་སེམས་ནང་གྲངས་ཀ་ཡོད་པ་དང་། གོ་རིམ་སྒྲིག་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་གནད་དོན་རྒྱུན་ཆད་མེད་པར་བཙལ་འཚོལ་བྱེད་པ་དང་འབྲེལ་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དམ་པ་དོན་གཉེར་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གནས་ཚུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་གནད་དོན་གསལ་བཤད་དང་། པར་རིས་ཀྱི་རྒྱུ་རྐྱེན་གཙོ་བོ་བཞི་དམ་འཛིན་ཡག་པོ་བྱས་ནས་གསར་གཏོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། མིག་སྔའི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་ཞན་ཆ་དང་ཞན་ཆར་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གསལ་འབྱེད་གསར་གཏོད་ཀྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཡིད་ཆེས་ཆེ་རུ་གཏོང་དགོས། ཚན་པ་ཁག་གིས་ཡིག་ཆ་གསར་རྩོམ་ལས་དོན་གྱི་དྲིལ་བསྒྲགས་སྤེལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་དང་དཀའ་གནད་ཀྱི་ལས་འགན་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། དྲག་འཐབ་བྱེད་ཕོད་པ། གནད་དོན་ཡང་ཡང་ཐོན་པར་མཐའ་གཅིག་ཏུ་འགོག་བཅོས་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་སྤྱད་དེ་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་དང་གཏོད་པའི་དུས་འཁོར་ནང་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཚོགས་འདུའི་ཐོག་སྐུལ་འདེད་ཚོགས་ཆུང་ཁག་གི་འཐུས་མིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཚོགས་ཞུགས་མི་སྣས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྷག་པའི་གནད་དོན་གྱི་དཀའ་ངལ་དག་ཐེར་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།