བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་“ཁུལ་གསུམ་“ ཚན་རྩལ་ཞབས་ཞུ་རུ་ཁག་གིས་ཆབ་མདོར་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019-07-16 09:45:00】

བྱེད་སྒོ་སྤེལ་ཡུལ་དུ་སློབ་གྲོགས་ཚོས་འཚང་ཁ་ཤིག་ཤིག་ངང་ཞུགས་ནས་ཤེས་བྱའི་གཏིང་ཟབ་དང་། ཚན་རྩལ་གྱི་ངོ་མཚར་ཆེ་བ། ཚན་རིག་གི་ཡིད་དབང་འཕྲོག་ཤུགས་བཅས་ཉམས་ལེན་དང་ཤེས་རྟོགས་བྱས་པ་རེད། དུས་མཚུང་སུ་ལས་དོན་མི་སྣས་དགེ་སློབ་མཉམ་འགུལ་ངང་དགེ་སློབ་ཀྱིས་བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་སྤེལ་བའི་ཐོག་མའི་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་ཡོད། ད་དུང་ཚན་རྩལ་རིགས་ཀྱི་དཔེ་དེབ་དང་ཡོ་ཆས།  ཚད་ལྡན་ཡིག་ཆ། ཁྲིམས་སྲོལ་རིགས་4དང་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་ཁྱོན་77ཞལ་འདེབས་བརྒྱབ་པ།

པར་ནི་སློབ་མས་ལས་དོན་མི་སྣའི་རོགས་སྐྱོར་འོག་ཏན་གཤེར་ཚོད་ལྟ་སྤེལ་བཞིན་པ།