སྒྱུ་རྩལ་དུས་ཆེན་དགའ་བས་བསུ།

གསར་འགྱུར་སྤེལ་དུས།  【2019-08-16 15:55:00】


གྲོང་ཁྱེར་གྱི་སྲང་ལམ་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་པ། 

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རི་གནས་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པར་བསུ་བ་ཞུ་ཆེད། ཉིན་ཤས་རིང་། ངེད་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ཁག་གིས་གྲ་སྒྲིག་གི་ལས་དོན་ཁག་ཧུར་ཐག་གིས་བསྒྲུབ་བཞིན་ཡོད།  ཆབ་མདོའི་སྲང་ལམ་དང་ཐང་ཆེན་དུ་གང་སར་ལྒང་བཞུ་དང་ཚོན་མདོག་སྣ་ལྔའི་རླུང་འཁོར་བཀལ་བ།  སྣ་མིན་སྣ་ཚོགས་ཀྱི་མེ་ཏོག་ཁོག་མ་གྲངས་ལས་འདས་པ་སྒྲིག་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་བཞིན་ཡོད།