ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད།

ཆབ་མདོའི་གྲོང་ཁུལ་མཐའ་འཁོར་གྱི་ཁོར་ཡུག་ བཅོས་སྐྱོང་ཆེན་པོའི་ཆེད་དོན་བྱ་འགུལ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019-09-03 17:45:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཟླ་8པའི་ཚེས་30ཉིན་གྱི་ཕྱི་དྲོ། ངེད་གྲོང་ཁྱེར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་གྲོང་ཁུལ་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་གི་བྱ་འགུལ་སྤེལ་བ་རེད།  ད་ཐེངས་ཀྱི་བྱ་འགུལ་དེར་G214ལམ་རྒྱུད་ཐེན་ཅིན་ཐང་ཆེན་ངོམས་ཆུའི་སྦྲེལ་མཚམས་ནས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོའི་ཟམ་སྣེ་བར་དང་། G317ལམ་རྒྱུད་ཐེན་ཅིན་ཐང་ཆེན་རྫ་ཆུའི་སྦྲེལ་མཚམས་ནས་རུ་བཞི་ཤང་གདུགས་དཀར་གྲོང་ཚོའི་ཟམ་སྣེ་བར། G214ཟླ་ཆུའི་ཆུ་མགོ་ནས་ཁ་རུབ་གྲོང་རྡལ་དང་བྲག་གཡབ་རྫོང་སྦྲེལ་མཐུད་བཅས་ཁོར་ཡུག་བཅོས་སྐྱོང་གི་ཁུལ་གསུམ་དུ་དབྱེ་ཡོད།  གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་མང་ཚོགས་ཚོས་ལག་ཏུ་འཇོར་དང་སྦྱག་མ། གད་སྙིགས་བླུག་སྣོད་སོགས་འཁྱེར་ནས་ཧུར་ཐག་ངང་ངལ་རྩོལ་ལ་ཞུགས་བཞིན་ཡོད།

ཁ་རུབ་ཆུས་རྒྱུན་ཨུ་དང་ཆུས་ཀྲང་གཞོན་པ་བཅས་ཡིན་པའི་ཧྲེང་ཞའོ་པིན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གལ་ཆེའི་ལས་དོན་བཀོད་སྒྲིག་གཞིར་བཟུང་ནས་“བཅོས་སྐྱོང་གསུམ་དང་མཐོར་འདེགས་གསུམ”གྱི་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་སྤེལ་ཏེ་རྒྱལ་ལམ་རྒྱུད་དང་གཙང་པོའི་རྒྱུད་དུ་གཙོ་བོར་བཟུང་ནས་འགྱིག་ཤོག་རྙིང་རུལ་གད་སྙིགས། འཛུགས་སྐྲུན་གད་སྙིགས་བཅོས་སྐྱོང་བྱས་ཤིང་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་མང་ཚོགས་གཅིག་བསྡུས་ཐོག་བཅོས་སྐྱོང་བྱ་འགུལ་ལ་ཞུགས་ཏེ་རྣམ་པ་གསར་རྐྱང་གི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཟླ་9ཚེས་14ཉིན་བར་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། གཅིག་བསྡུས་བཅོས་སྐྱོང་། ལྟ་སྐུལ་ཞིབ་བཤེར། བཅོས་སྒྲིག་མཐོར་འདེགས་བཅས་ཁག་གསུམ་དུ་དབྱེ་ནས་ཆབ་མདོའི་གྲོང་ཁུལ་དང་གྲོང་ཁྱེར་དང་ཤང་གྲོང་སྦྲེལ་མཐུད་ཀྱི་རྒྱལ་ལམ་G214 G317རྒྱུད་དུ་ཁོར་ཡུག་བཅོས་སྐྱོང་ཆེན་པོའི་ལས་དོན་སྤེལ་རྒྱུ་རེད་འདུག

གྲོང་ཁྱེར་འགོ་ཁྲིད་ལེའོ་ཁྲོན་ཅིན། ལྦུའེ་ཏུང་། ལྦང་ལྦུའེ། ཀྲེན་ལན་ལྦུའུ། ལི་པིན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།