ལྗར་པན་གྱི་མིའི་ཚེ་རིང་དོན་ཅི་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2019-09-20 16:18:13】

ལྗར་པན་གྱི་སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྤྱི་ཟླ་7ཚེས་30ཉིན་སྤེལ་བའི་གནས་ཚུལ་ལྟར་ན། 2018ལོར་ལྗར་པན་གྱི་བུད་མེད་ཀྱི་ཆ་སྙོམས་ཚེ་ཚད་ལོ་87.32ཡིན་པ་དང་སྐྱེས་པའི་ཆ་སྙོམས་ཚེ་ཚད་ལོ་81.25ཡིན་ལ། དེ་ལོ་རྒྱུས་ཐོག་གི་ཆ་སྙོམས་ཚེ་ཚད་རིང་ཤོས་སུ་གྱུར་ཡོད་པ་དང་། སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་བུད་མེད་ཀྱི་ཆ་སྙོམས་ཚེ་ཚད་ལོ་6རིང་བསྟུད་མར་རིང་དུ་གྱུར་བ་དང་སྐྱེས་པའི་ཆ་སྙོམས་ཚེ་ཚད་ལོ་7རིང་བསྟུད་མར་རིང་དུ་གྱུར་ཡོད།

དབྱེ་ཞིབ་བྱས་པར་གཞིགས་ན། ལྗར་པན་གྱི་མིའི་ཚེ་རིང་དུ་གྱུར་བའི་རྒྱུ་མཚན་ནི་གཙོ་བོ་འབྲས་སྐྲན་དང་། སྙིང་ནད། ཀླད་པའི་ཁྲག་རྩའི་ནད་བཅས་ནད་གཞི་ཆེན་པོ་གསུམ་གྱིས་ཤི་ཚད་མར་ཆག་པས་ཡིན་པ་རེད།

འཛམ་གླིང་ཁྱོན་ལས་ལྗར་པན་གྱི་བུད་མེད་ཀྱི་ཆ་སྙོམས་ཚེ་ཚད་དེ་བསྟུད་མར་ལོ་4རིང་ཨང་གཉིས་པར་གནས་པ་དང་། སྐྱེས་པའི་ཚེ་ཚད་བསྟུད་མར་ལོ་2རིང་ཨང་གསུམ་པར་གནས་ཡོད་ཅིང་། འབྲེལ་ཡོད་མི་སྣས་དབྱེ་ཞིབ་བྱས་པར་གཞིགས་ན། ལྗར་པན་གྱི་མིའི་ཚེ་དེ་འདྲ་རིང་བའི་རྒྱུ་མཚན་ནི་སྨན་བཅོས་ཆ་རྐྱེན་བཟང་པ་དང་མི་སེར་གྱི་བདེ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་པས་ཡིན་པ་རེད། (ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།)