དམ་བཅའ་ཡིད་ལ་བཟུང་། འགན་འཁྲི་ཕྲག་ཏུ་འཁུར།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་དང་བོད་ལ་དམངས་གཙོ་བཅོས་སྒྱུར་བཏང་ནས་ལོ་དྲུག་བཅུ་ལོན་པར་ངེད་ཆབ་མདོ་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་ལ་བསྟོད་གླུ་འབུལ།

གསར་འགྱུར་སྤེལ་དུས།  【2019-09-24 16:55:00】

དགའ་ཆབ་མདོའི་ས་ནི་ནོར་བུ་ས། །བྲག་མི་འགྱུར་ནོར་བུ་སུམ་བརྩེགས་བྲག །རི་མི་འགྱུར་ཨེ་བམ་ཁ་འཕྲོད་རི། །ཆུ་མི་འགྱུར་རྫ་ཆུ་ངོམ་ཆུ་ཡོད། །སྔོན་ལོ་ངོ་སྟོང་གི་མཁར་རོ་ནས། །སྔོན་འཚོ་ཆས་རྫ་སྣོད་རྡོ་ཁབ་རྙེད། །ཤར་ཁྲ་རྒོད་རི་ནས་འབྲུག་རྡོ་རྙེད། །ངེད་མེས་རྒྱལ་འབྲུག་རྡོ་ཨང་གཉིས་པ། །ས་མི་འགྱུར་ཁྱུང་ཆེན་ས་གཞི་ལ། །ཁྱུང་མགོ་བོ་ཆབ་དགོན་བྱམས་གླིང་ཆགས། །ཁྱུང་ལྟོ་བར་སྨན་རྩིས་ཁང་ཆེན་ཡོད། །ཁྱུང་གཤོག་གཡས་གྲོང་ཨུད་སྲིད་གཞུང་བཞུགས། །ཁྱུང་གཤོག་གཡོན་མི་དམངས་དམག་ཨུད་བཞུགས། །ཁྱུང་རྐང་གཡས་གྲོང་གསར་རྒྱ་ཆེར་བསྐྲུན། །ཁྱུང་རྐང་གཡོན་ཤེས་རིག་སློབ་འབྲིང་ཡོད། །ཤར་ཁྲ་རྒོད་སྟེང་ནས་འབྲུག་སྒྲ་གྲགས། །

ཏང་མེས་རྒྱལ་གསར་པ་བདུན་བཅུ་ལོ། །ངེད་ཆབ་མདོའི་གསར་བརྗེ་མང་ཚོགས་ཀྱི། །

དགའ་ཆབ་མདོའི་བྲོ་གླུ་གཞས་སུ་ལེན། །ལྷོ་གཡུ་འབྲུག་རྫ་ངོམ་འུར་སྒྲ་གྲགས། །བོད་དམངས་གཙོ་བཅོས་བསྒྱུར་དྲུག་བཅུ་ལོར། །ཞིང་འབྲོག་ལས་སྤྲོ་སེམས་འཁོལ་བའི་ངང་། །སེམས་གཏིང་ནས་ཏང་ལ་བསྟོད་གླུ་ལེན། །ནུབ་ཤུ་གུ་སྤང་ནས་ཁུ་བྱུག་གྲགས། །གཏམ་བཟང་པོའི་དམ་བཅའ་ཡིད་ལ་བཟུང་། །གཏིང་ཟབ་པོའི་འགན་འཁྲི་ཕྲག་ཏུ་འཁུར། །སྔོན་དཔའ་བོའི་མཛད་རྗེས་ནམ་ཡང་དྲན། །བྱང་འབྲུག་རིའི་སྟེང་ནས་དམག་དུང་གྲགས། །ཏང་ཀྲུང་དབྱང་གསུང་སྐད་ལྡི་རི་རི། །དམངས་བརྩོན་སེམས་འབྱོར་འབྲིང་ལས་ལ་བརྩོན། །སྟོབས་ཕྱུག་འབྱོར་ཡོང་བའི་ཕུགས་འདུན་བརྩོན། །སྔོན་སྟག་རྩ་ཐང་གི་ས་གཞི་ལ། །

དམངས་ལུས་སེམས་བདེ་བའི་སྨན་ཁང་ཡོད། །

དེ་མ་ཚད་མ་བུ་བདེ་སྲུང་ཡོད། །ནད་རིམས་ཚད་འགོག་པའི་བབས་ཚུགས་ཡོད། །

རྨོངས་ཤེས་རིག་སྦྱང་སའི་སློབ་འབྲིང་ཡོད། །སྔར་སེ་ཐོག་ཐང་གི་ས་ཆ་ལ། །ཏང་སྲིད་ཨུད་དམངས་ཆེན་སྲིད་གཞུང་ཡོད། །དེ་མ་ཚད་ཆབ་གྲོས་ཁང་ཆེན་ཡོད། །ཏང་དབུ་ཁྲིད་བཟང་པོའི་ཏང་སྲིད་ཡོད། །སྔར་མེད་པའི་མུ་ཏིག་གླིང་ག་ཡོད། །དམངས་ལས་བཟོ་སྤྲོ་སྐྱིད་གླིང་ག་ཡོད། །སྔར་མེད་པའི་ཆབ་མདོ་འཛུགས་སྐྲུན་ནི། །ཏང་ཀྲུང་དབྱང་གཟིགས་སྐྱོང་བཀའ་དྲིན་འོག །སྟོབས་འཕེལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག ། ཞེས་བོད་རབ་བྱུང་བཅུ་བདུན་གྱི་ཟླ་ཚེས་བཟང་པོར་བྱམས་པ་དགེ་ལེགས་ནས།