ཀླད་པ་དང་ལག་པ་འགུལ་བ།

གསར་འགྱུར་སྤེལ་དུས།  【2019-12-03 16:45:00】


ཉེ་བའི་ལོ་ཤས་རིང་བྲག་གཡབ་རྫོང་སློབ་ཆུང་དང་པོས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་གྱིས་འཐུས་ཚང་དུ་བཏང་ཞིང་ཀུན་སྤྱོད་སློབ་གསོའི་ཁང་དང་། ཚོད་ལྟ་ཁང་། སློབ་གྲྭའི་རླུང་འཕྲིན་ས་ཚིགས། ཕབ་གཏོང་ཁང་། སྨན་བཅོས་ཁང་སོགས་ཀྱི་ནུས་པ་ཆ་ཚང་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་གྲྭ་དེས་སློབ་མའི་སྐྱེད་སྲིང་སློབ་གསོ་དེ་སློབ་གྲྭའི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་སློབ་མའི་ཁྱད་ཆོས་དང་མི་མངོན་པའི་ནུས་པ་གཙོ་གནད་ཐོག་འདོན་སྤེལ་དང་སློབ་མའི་ལག་ལེན་ནུས་པ་དང་གསར་གཏོད་ནུས་པ་གསོ་སྦྱོང་བྱས་པ་རེད།

ཉེ་ཆར། སློབ་གྲྭ་དེའི་སློབ་མས་ཚོད་ལྟ་ཁང་དུ་ཚན་རིག་དང་མཐུན་པའི་ངང་སློབ་ཚན་འཁྲིད་པའི“གློག་སྒོ་སྤྱད་དེ་གློག་ལམ་ཚོད་འཛིན་བྱེད་པའི”ཚོད་ལྟ་བྱས་པ་རེད།