སྤྱིར་བཏང་མིན་པའི་ཟླ་བའི་ཁ་པར་གསར་པ།

གསར་འགྱུར་སྤེལ་དུས།  【2019-12-06 11:55:00】

--ཆབ་མདོ་གྲོང་ཁྱེར་གྱིས་2019ལོར་དྲ་རྒྱའི་དབུལ་སྐྱོར་ལག་ཐོགས་ཁ་པར་གྱི་ཞལ་འདེབས་སྤྱི་ཕན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

ཚེས་3ཉིན་གྱི་སྔ་དྲོ། གྲོང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་2019ལོའི་དྲ་རྒྱའི་དབུལ་སྐྱོར་ལག་ཐོགས་ཁ་པར་གྱི་ཞལ་འདེབས་སྤྱི་ཕན་རྣམ་གྲངས་ལག་བསྟར་གྱི་མཛད་སྒོ་དེ་བྲག་གཡབ་རྫོང་རྫ་ཆུའི་ཐང་ཆེན་དུ་གཉེར་བ་རེད། ཞལ་འདེབས་དང་ལེན་བྱེད་མཁན་མང་ཚོགས་ཀྱི་འཐུས་མི་དང་རྫོང་དེའི་དབྱེན་འདུམ་གྲོང་རྡལ་ཤོག་འདུམ་གྲོང་ཚོའི་གྲོང་མི་ཟླ་བར་དྲ་རྒྱའི་དབུལ་སྐྱོར་ལག་ཐོགས་ཁ་པར་གསར་རྐྱང་ཞིག་ཐོབ་པ་རེད།