དུས་རབས་གསར་པའི་ཕུགས་འདུན་བསྐྲུན། བདེ་སྐྱིད་ལྡན་པའི་གླུ་དབྱངས་ལེན།

——ངེད་གྲོང་ཁྱེར་གྱིས་2020ལོའི་ལོ་གསར་གླུ་གཞས་དགོང་ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019-12-31 17:25:00】

“མེས་རྒྱལ་ལ་བསྟོད་གླུ་འབུལ་བ”ཞེས་པ་བརྗོད་དོན་གཙོ་བོའི་ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་ལོ་གསར་གླུ་དབྱངས་དགོང་ཚོགས་དེ་ཁ་རུབ་ཆུས་སྲིད་གཞུང་གི་འཁྲབ་སྟོན་ལྟེ་གནས་སུ་འཚོགས་པ་རེད།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས་25ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང“མེས་རྒྱལ་ལ་བསྟོད་གླུ་འབུལ་བ”ཞེས་པ་བརྗོད་དོན་གཙོ་བོའི་ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་ལོ་གསར་གླུ་དབྱངས་དགོང་ཚོགས་དེ་ཁ་རུབ་ཆུས་སྲིད་གཞུང་གི་འཁྲབ་སྟོན་ལྟེ་གནས་སུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེའོ་ཁྲོན་ཅིན། གྲོང་ཨུད་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲའོ་ཅན་ཀོ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡེ་ཀོ་རུང་དགོང་ཚོགས་ལ་ཞུགས་པ་རེད།

དགོང་ཚོགས་ཐོག རྒྱལ་ནང་ནས་ཕེབས་པའི་རོལ་དབྱངས་ཚོགས་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་སྙན་པོའི་གླུ་དབྱངས་ཀྱི་འགྱུར་ཁུག ད་དུང་ཆབ་མདོའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་ལ་མྱོང་རོལ་ཐུབ་པས། རྒྱ་ཆེའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

གླུ་དབྱངས་《མ་ཡུམ་ཀྲུང་ཧྭ་ཡིན། 》ཞེས་པའི་སྙན་མོའི་འགྱུར་ཁུག་ཁྲོད་དགོང་ཚོགས་འདི་ཉིད་མཐོ་རླབས་སུ་འཕྱུར། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་མ་གྲོས་གཅིག་མཐུན་ངང་ལག་ཐོག་གི་དར་དམར་ཆུང་ཆུང་དེ་གཡུག་གཡུག་བྱེད་ཀྱིན་ངག་ནས་གླུ་དབྱངས་ལེན་བཞིན་དགའ་སྤྲོའི་ཀློང་དུ་ཚུད།     ལྟད་མོ་བ་རའོ་རུང་ཡིས། ང་རང་ཆེས་དགའ་ཤོས་ནི་ཁྲུང་ཆིན་མི་རིགས་རོལ་དབྱངས་ཚོགས་པའི་གླུ་གཞས་《ཕ་ཡུལ་གྱི་སྤྲིན་དཀར།》ཞེས་པ་དེ་ཡིན་ཞིང་དེས་སྲོལ་རྒྱུན་གྱི་རོལ་ཆས་དང་བོད་ཀྱི་སྲོལ་རྒྱུན་གླུ་ལེན་སྟངས་ཟུང་དུ་སྦྲེལ་ཡོད་པས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭ་རིག་གནས་མངོན་ཐུབ་པ་མ་ཟད་རྒྱ་བོད་རིག་གནས་མཉམ་འདྲེས་ལའང་སྐུལ་འདེད་ཆེན་པོ་གཏོང་ཐུབ་ཅེས་བརྗོད།

ང་ཚོས་རང་ཉིད་ཀྱི་གླུ་གཞས་བརྩམས་ཆོས་ཁྱེར་ནས་ཆབ་མདོའི་གྲོགས་པོ་ཚོ་དང་ལྷན་དུ་གར་སྟེགས་ཐོག་འཁྲབ་སྟོན་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ས་གནས་གཉིས་པོའི་རིག་གནས་སྤེལ་རེས་ཐུབ་པའི་རེ་བ་ཡོད་ཅེས་ཁྲུང་ཆིན་མི་རིགས་རོལ་དབྱངས་ཚོགས་པའི་བཀོད་འདོམས་པུའུ་ཕེང་ཡུན་ལེས་གསར་འགོད་པར་བཤད།