རི་བོ་ཆེ་རྫོང་གིས་གྲོང་གསེབ་ཏུ་དཔེ་སྟོན་སློབ་ཚན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-01-03 07:35:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།  ཉེ་ཆར། རི་བོ་ཆེ་རྫོང་སློབ་གསོ་ཅུས་ཀྱིས་རྫོང་སློབ་ཆུང་དང་མཉམ་དུ། “སྤེལ་རེས་གྲོས་བསྡུར་དང་མཉམ་དུ་འཚར་ལོངས”བརྗོད་དོན་གཙོ་བོར་བྱས་པའི“སློབ་གསོ་གཤམ་སྤེལ”གྱི་དཔེ་སྟོན་སློབ་ཚན་འགྲེམས་སྟོན་བྱེད་སྒོ་སྤེལ་བར་མི་120ལྷག་ཙམ་ཞུགས་པ་རེད།

ད་ཐེངས་ཀྱི་སློབ་གསོ་གཤམ་སྤེལ་བྱེད་སྒོའི་དམིགས་ཡུལ་ནི་དགེ་རྒན་དབར་གྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རི་བོ་ཆེ་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད། དགེ་རྒན་ཚོའི་ཞིབ་ཚགས་པའི་སློབ་ཁྲིད་ཇུས་འགོད་དང་། རྩེར་སོན་གྱི་སློབ་ཚན་ཁྲིད་རྩལ། དེ་བཞིན་བྱང་ཆུབ་པའི་ལས་སྒོའི་ཆུ་ཚད་བཅས་ལ་སློབ་ཚན་ཉན་མཁན་དགེ་རྒན་གྱི་གདེང་འཇོག་ཡག་པོ་ཐོབ་པ་རེད། སློབ་ཚན་གྲོལ་རྗེས། སློབ་ཁྲིད་དགེ་རྒན་གྱིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་སློབ་ཁང་སློབ་ཁྲིད་ལ་གཞི་ཚུགས་ནས་སློབ་ཚན་གླེང་བརྗོད་བྱས་པ་དང་སློབ་ཚན་ཉན་མཁན་དགེ་རྒན་གྱིས་སློབ་ཚན་ལ་དཔྱད་བསྡུར་བྱས་པ་རེད།