གྲོང་ཨུད་ཀྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་ཆབ་མདོའི་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020-01-14 17:05:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། 2020ལོའི་ཟླ་1ཚེས་2ཉིན་ནས་ཚེས་3ཉིན་བར་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་གཟབ་རྒྱས་ངང་འཚོགས། ཚོགས་འདུ་འཚོགས་རྗེས་ཆབ་མདོའི་སྤྱི་ཚོགས་ལས་རིགས་ཁག་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།

གྲོང་ཨུད་ཨུ་ཡོན་དང་གྲོང་ཨུད་ཧྲུའུ་ཅི་གཞོན་པ་ལེའི་ཁྲོན་ཅིན་གྱིས་“ཧྲུའུ་ཅི་ཨ་པུའུ་ལས་དོན་སྙན་སྒྲོན་དང་། གསུང་བཤད། བློ་མཐུན་ཁྲེན་ཅུན་གྱི་གསུང་བཤད་ལས་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་དགོངས་དོན། ཆབ་མདོའི་དོན་དངོས་བཅས་མཚོན་ཡོད་ལ། དེ་ནི་ང་ཚོ་གྲོང་ཁྱེར་རིམ་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་དོན་འཁྱོལ་ཡོང་བར་ཁྲིད་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས་ང་རྦད་དེ་མོས་མཐུན་ཡོད་ཞེས་བརྗོད་པ་རེད།

གྲོང་ཨུད་ཀྱི་ཨུ་ཡོན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་དཀོན་མཆོག་རྒྱལ་མཚན་གྱིས་ད་ཐེངས་ཀྱི་ཚོགས་འདུ་ནི་གྲོང་ཨུད་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཧྲུའུ་ཅི་ཨ་པུས་གནང་བའི《སྙན་ཞུ》དང་གཏམ་བཤད་དེ་བཞིན་ཧྲི་ཀྲང་ཁྲེན་ཅུན་གྱི་གསུང་བཤད་བཅས་ལ་གསན་རྗེས《སྙན་ཞུ》དང་གསུང་བཤད་གཉིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚོགས་འདུའི་དགོངས་དོན་མཐུན་པ་དང་ཆབ་མདོའི་དོན་དངོས་དང་ཧ་ཅང་མཐུན་ཞིང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཆབ་མདོའི་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་ཐུབ་པར་ང་རྦད་དེ་མོས་མཐུན་ཡོད། གོམ་སྟབས་རྗེས་མར་ང་ཚོས《སྙན་སྒྲོན》དང་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཚོགས་འདུའི་དགོངས་དོན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ནང་ཁྱབ་པ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྐས་རིམ་གསར་པར་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧུང་ཅུན་གྱིས《སྙན་ཞུ》དང《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་གི་འགོ་ཁྲིད་དེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཁྱབ་ཁོངས་ཀྱི་ལྷུ་ཚིགས་ནང་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་བྱས་ཡོད་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཚེ་རིང་གིས་་ཧྲུའུ་ཅི་ཨ་པུའུ་ཡིས་གནང་བའི་ལས་དོན་སྙན་སྒྲོན་དང་གསུང་བཤད། བློ་མཐུན་ཁྲེན་ཅུན་གྱིས་གསུང་བཤད། 《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》བཅས་དངོས་ཐོག་བདེན་འཚོལ་དང་ལས་ཀའི་ཕྱོགས་སྡོམ་ཐད་ཆབ་མདོའི་དོན་དངོས་དང་མཐུན་པ། གོམ་སྟབས་རྗེས་མར་ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པའིལས་ཕྱོད་དོན་སྤེལ་གང་ལེགས་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོས་མོལ་གྱི་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དམིགས་བསལ་ལེགས་ཆ་ཟམ་མི་ཆད་པར་མངོན་པ་བྱ་རྒྱུ་ཡིན།

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་བསོད་ནམས་དབང་འདུས་ཀྱིས“ཧྲུའུ་ཅི་ཨ་པུའུ་ཡི་ལས་དོན་སྙན་སྒྲོན་གསན་རྗེས་རང་ཉིད་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།   ཚོགས་འདུ་གྲོལ་རྗེས་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་ཏེ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁྲི་ཁག་དང་ཟུང་འབྲེལ་བྱས་ནས།   གཅིག་ནས་ལོ་ལྔ་ཚན་བཅུ་གསུམ་པའི་ལས་དོན་མཇུག་བསྡུའི་ལས་དོན་ཡག་པོ་བསྒྲུབས་ནས་ཚན་རིག་དང་མཐུན་པའི་ངང་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་བ་དང་།   གཉིས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ཞིང་།   གསུམ་ནས་ཐོན་ལས་འཕེལ་རྒྱས་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་སུ་གཏོང་རོགས་བྱས་པ།

འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ངག་དབང་བཀྲ་ཤིས་ཀྱིས“ཨ་པུའུ་ཧྲུའུ་ཅིས་གནང་བའི་ལས་དོན་སྙན་སྒྲོན་དང་གསུང་བཤད། བློ་མཐུན་ཁྲེན་ཅུན་གྱི་གསུང་བཤད། 《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》བཅས་ཀྱི་ལས་ཀའི་ཕྱོགས་སྡོམ་དང་བཀོད་སྒྲིག་དངོས་ཐོག་བདེན་འཚོལ་ཐོག་ནས་གྲོང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ལ་སྣང་ཆེན་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཚོན་པ་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ཏེ་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཡོང་བ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།

ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཆབ་མདོ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧང་ཀྲང་རྣམ་རྒྱལ་གྱིས་《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》ནང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་གྱི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་ལས་འགན་དང་ལས་ཀའི་དམིགས་ཚད་ཁ་གསལ་བཏོན་ནས་ཆབ་མདོར་ལོ་བརྒྱ་དང་པོའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད།   གོམ་སྟབས་རྗེས་མའི་ལས་དོན་ཁྲོད་གཅིག་ནས་ཀྲུང་དབྱང་གི་དངུལ་རྩའི་སྲིད་ཇུས་ཁག་དང་འབྲེལ་མཐུད་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་གྱི་དངུལ་རྩའི་སྲིད་ཇུས་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་།   གཉིས་ནས་ལས་སྒྲུབ་ཚོམས་ཆེན་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བློ་གྲོས་ལྡན་པའི་ཆབ་མདོར་ཞབས་འདེགས་ཧུར་ཐག་ཞུ་དགོས”ཞེས་གསུངས་པ་དང་། གསུམ་ནི་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་འགྲོལ་ལས་དོན་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་དང་གནད་སྨིན་དབུལ་སྐྱོར་དུད་ཚང་གི་སྐྱེད་ཀ་ཆུང་ཞིང་ཟོག་རིན་ཆུང་བ”བཅས་ཀྱི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་བཀྲ་ཤིས་ཚེ་རིང་གིས། “ཨ་པུའུ་ཧྲུའུ་ཅིས་གནང་བའི《སྙན་ཞུ》དང་གསུང་བཤད། བློ་མཐུན་ཁྲེན་ཅུན་གྱི་གསུང་བཤད། 《ཞིབ་ཕྲའི་བྱ་ཐབས(གྲོས་བསྡུར་མ་ཟིན)》བཅས་ཀྱི་བརྗོད་བྱ་གཙོ་བོ་གསལ་ལ་གཙོ་གནད་མངོན་གསལ་དོད་པ། དམིགས་ཚད་གསལ་ལ་བྱ་ཐབས་ཞིབ་ཕྲ་བ་བཅས་ལས་ཏང་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གང་ལེགས་མཚོན་པ་དང་། ཆབ་མདོའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། གོམ་སྟབས་རྗེས་མར་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་འཚོལ་ཞིབ་སུའུ་ཡི་གཅིག་གྱུར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་རྒྱུ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་སྟེ། ཧ་ཅང་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་པ། ས་གཤིས་རྩད་ཞིབ་དང་ས་གཤིས་རྩད་ཞིབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན།