ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་གསར་བསུའི་མཚན་ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020-01-24 10:25:00】

     

        འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཟླ་1ཚེས་21ཉིན་གྱི་དགོང་མོར། ཁ་རོ་ཆུས་རིག་རྩལ་བྱེད་སྒོ་ལྟེ་གནས་སུ་གློག་སྒྲོན་གྱི་འོད་མདངས་ཆེམ་ཆེམ་འཕྲོ་བ་དང་གླུ་གར་གྱིས་ཁེངས་ཤིང་། “དྲིལ་བསྒྲགས་སྲིད་ཇུས”བརྗོད་བྱ་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་གསར་བསུའི་མཚན་ཚོགས་འདིར་གཟབ་མཆོར་ལེགས་པར་སྤྲས་ཡོད། དགོང་ཚོགས་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོ《ཚོན་མདངས་རྣམ་པར་བཀྲ་བའི་ཞབས་བྲོ》ཞེས་པའི་ཁྲོད་འགོ་ཚུགས་པ་དང་། གཟབ་མཆོར་ལེགས་པར་སྤྲས་པའི་རྒྱན་གོས་དང་དགའ་སྤྲོའི་འགྱུར་ཁུག་ཁྲོད་ཁོང་ཚོའི་སྤྲོ་སེམས་དང་བདེ་སྐྱིད་ཚོར་སེམས་མངོན་གྱི་ཡོད། 《དགོན་སྡེར་བཅའ་སྡོད་བྱེད་པའི་གླུ་དབྱངས》དང་། 《འཇའ་ཚོན་གྱི་ལམ་བུ》ཞེས་པའི་གླུ་གཞས། 《སྲིད་ཇུས་བཏོན་པ་》ཞེས་པ་སོགས་ཀྱི་ལེ་ཚན་ནང་གོ་བདེ་ཤེས་སླའི་སྐད་ཆ། རྐྱང་གཞས་དང་། འཁྲབ་ཚན་ཐུང་གྲས། མང་ཚོགས་ཀྱི་ཞབས་བྲོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་རྣམ་པ་བརྒྱུད་དགོན་སྡེ་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁྲིམས་ལྟར་དོ་དམ་བྱས་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་འགྲེམས་སྟོན་བྱས་ནས་ལྟད་མོ་བར་མཐོང་ཐོས་ཀྱི་སྟོན་མོ་ཞིག་བཤམས་ཏེ་ལྟད་མོ་བས་དམངས་ཕན་གྲྭ་ཕན་སྲིད་ཇུས་སྔར་བས་ཤེས་རྟོགས་ཐུབ་པ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད།