ཞིམ་མངར་རྒུན་འབྲུམ་ཨ་རག་བསྙལ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020-01-31 10:45:00】

ཞིམ་མངར་རྒུན་འབྲུམ་ ཨ་རག་ བསྙལ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

       ཉེ་ཆར། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཨ་རགལས་རིགས་ཚད་ཡོད་ཀུང་ཟིས་སྨར་ཁམས་ལྷོ་རྒྱུད་ཤང་གསུམ་གྱི་རྒུན་འབྲུམ་འདེབས་འཛུགས་དུད་ཚང་སྒྲིག་འཛུགས་བྱས་ནས་ཀུང་སིའི་གཞུང་དོན་ཁང་གི་སྒོ་རའི་ནང་2019ལོའི་རྒུན་འབྲུམ་ཉོ་སྒྲུབ་བྱེད་པའི་ཚོགས་ཆེན་འཚོགས།

ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཁྱོན་རྒུན་འབྲུམ་གྱི་མ་དངུལ་སྒོར་ཁྲི180སྤྲད་པ་དེ་རྒུན་འབྲུམ་འདེབས་འཛུགས་དུད་ཚང་257དང་འབྲེལ་བ་ཡོད་པ་དང་། གཞན་ཡང་ངལ་ནུས་ཉོ་སྒྲུབ་གྲོན་དངུལ་སྒོར་ཁྲི་5.2སྤྲད་པ་དེ་མི་30དང་འབྲེལ་བ་ཡོད་པས་རྒུན་འབྲུམ་ལས་བདེ་སྐྱིད་བྱུང་བའི་འདེབས་འཛུགས་དུད་ཚང་ལ་སླར་ཡང་ཕན་པ་ཐོབ་ཡོད།