ཐེན་ཅིན་གྲོང་ཁྱེར་གྱིས་རིག་གནས་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020-01-31 10:10:00】

     འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། བོད་ཀྱི་རལ་པ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་ཡིན་ཞིང་། དེ་ལས་ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཆབ་མདོ་སྟེང་ཆེན་གྱི་རལ་པ་ནི་འཐུས་ཚབ་རང་བཞིན་ལྡན་པའི་རལ་པའི་གྲས་ཤིག་རེད། 2019ལོའི་ཟླ་12ཚེས་20ཉིན། སྟེང་ཆེན་རྫོང་རིག་གནས་ཅུས་ཀྱིས་སྒྲིག་བཟོ་བྱས་པའི་མི་རིགས་ཀྱི་གླུ་གར་སྙན་རྩོམ《ཁྱུང་རལ་པ》ཐེན་ཅིན་གྲོང་ཁྱེར་ཧའེ་ཧོ་ཟློས་གར་ཁང་དུ་འཁྲབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱིས་རིག་གནས་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ཀྱི་རྣམ་པ་དང་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཞིང་། ཐེན་ཅིན་དང་ཆབ་མདོ་ཕྱོགས་གཉིས་པོས་སྤེལ་རེས་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། 2019ལོའི་ཟླ་9པར་ཐེན་ཅིན་དུ་ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ཟླ་བ་འཚོགས་པ་རེད། “ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཆབ་མདོའི་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས“2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་རིག་གནས་ཡུལ་སྐོར་འགྲེམས་སྟོན་འོས་སྦྱོར”དང་། “གངས་ལྗོངས་ཀྱི་འོད་སྣང·བོད་ཀྱི་ཆབ་མདོའི་ཐང་ག་རྩེ་གྲ་བརྒྱའི་ཆེད་དོན་འགྲེམས་སྟོན” “ཆབ་མདོའི་ཁྱད་ལྡན་མངོན་མིན་རིག་གནས་ཐོན་རྫས་འགྲེམས་སྟོན”བཅས་བྱེད་སྒོ་གསུམ་སྤེལ་བར་ཐེན་ཅིན་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཞུས་པ་རེད། གཞན་ཡང་། གྲོང་ཁྱེར་གཉིས་ཀྱིས་བྱེད་སྒོ་ཆེ་གྲས་ལ་བརྟེན་ནས་རིག་གནས་སྤེལ་རེས་བྱས་པ་དཔེར་ན། ཐེན་ཅིན་གྱིས་འཐུས་མི་ཚོགས་པ་བཏང་ནས་ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པར་ཞུགས་པ་དང་། ཐེན་ཅིན་གྱི་ཚོན་ཁྲ་ཅན་གྱི་འཇིམ་བཟོ་ཁང་དང་། དབྱང་ལིའུ་ཆིང་མཛེས་རྩལ་ཁང་། ཏ་རེན་ཐང་སྨན་རྫས་བཟོ་གྲྭ་སོགས་ཚན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་བ་6ཐེན་ཅིན་དང་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲགས་ཅན་མི་སྣའི་བཞུགས་མོལ་ཚོགས་འདུ་སོགས་ལ་ཞུགས་ཡོད་པ་རེད།