ཆབ་མདོ་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་ཚོད་འཛིན་བྱེད་པའི་འབོད་ཚིག་གསར་པ།

གསར་འགྱུར་སྤེལ་དུས།  【2020-02-04 10:30:00】

༡ རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་རེད།

༢ མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་ཨང་དང་པོར་འཇོག་པ་དང་

རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་

བརྩིས་ནས་དམ་འཛིན་བྱེད་དགོས།

༣ བྱ་ཐབས་ནུས་ལྡན་ཏན་ཏིག་སྤྱད་དེ་རིམས་ནད་བཀག་འགོག་མཐའ་གཅིག་ཏུ་

བྱེད་དགོས།

༤ རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ཁག་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

༥ ཆོད་སེམས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱེད་དགོས།

༦ ཡིད་ཆེས་བརྟན་པོས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

༧ མང་ཚོགས་ཀྱི་རང་གིས་རང་ནད་འགོག་པའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།

༨ སྔ་ཙམ་ཤེས་པ་དང་། སྔ་ཙམ་ནས་ཟུར་འཇོག་བྱ་རྒྱུ་དེ་ཆེས་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཡིན།