ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་རྒྱུན་ཤེས།

གསར་འགྱུར་སྤེལ་དུས།  【2020-02-04 10:30:00】

གཅིག དགའ་ཉེ་སྤུན་གྲོགས་འཕྲད་པར་མི་འགྲོ་བ་དང་མཉམ་འཛོམས་དང་གསོལ་སྟོན་ལ་མི་ཞུགས་པར་མི་སྣ་འགྲོ་འོང་ཉུང་དུ་གཏོང་དགོས།

གཉིས། ཕན་ཚུན་འཚམས་འདྲི་ཞུ་སྐབས་མགོ་བོ་ལྕོག་ལྕོག་དང་ལག་པ་ཡུག་ཡུག་བྱེད་པ་ལས་ལག་པ་གཏོང་ མི་རུང་།

གསུམ། ཁ་པར་རྒྱག་པ་དང་།འཕྲིན་ཐུང་སྐུར་བ།སྐད་འཕྲིན་གཏོང་བ་བཅས་ཀྱིས་ལོ་གསར་གྱི་འཚམས་འདྲི་ཞུ་བ་ལས་གཞན་གྱི་ཁྱིམ་དུ་སྐྱོད་མི་རུང་།

བཞི། ཡུལ་སྐོར་ལ་མི་འགྲོ་བ་དང་སྤྱི་སྤྱོད་འཁོར་རིགས་ནང་ཉུང་ཙམ་སྡོད་དགོས།

ལྔ། ཚོང་ར་དང་། སྒོ་རྩིས་ཚོང་ཁང་། གློག་བརྙན་ཁང་། དགོན་སྡེ་སོགས་མི་སྣ་འདུ་འཛོམས་ཆེ་སར་སྐྱོད་མི་རུང་།

དྲུག ཕྱིར་སྐྱོད་སྐབས་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་མི་མང་འདུ་ཡུལ་དུ་སྐྱོད་སྐབས་ངེས་པར་དུ་ཁ་རས་རྒྱག་དགོས།

བདུན། ཁྱིམ་དུ་འབྱོར་མ་ཐག་དུས་ཐོག་ཏུ་ལག་པ་དང་སྣ་ཁུང་སོགས་གཙང་མར་བཀྲུས་ཏེ་ལག་པ་དང་དབུགས་ལམ་གཙང་མ་བྱེད་དགོས།

བརྒྱད། ཁྱིམ་ཚང་གི་གཙང་སྦྲར་དོ་སྣང་བྱས་ཏེ། ལག་པ་ཡང་ཡང་འཁྲུད་པ་དང་། རླུང་འགྲོ་ཡག་པོ་ཡོང་བ། གཟུགས་གཞི་བདེ་ཐང་ཡིན་མིན་ལ་རང་འགུལ་ངང་བརྟག་དཔྱད་བྱེད་པ། རྒྱུན་དུ་ཚ་བ་རྒྱས་མིན་ལ་ལྟ་དགོས།

དགུ ཁོར་ཡུག་གི་གཙང་སྦྲར་དོ་སྣང་བྱས་ཏེ།ཁུག་ཀྱོག་གི་གད་སྙིགས་རྒྱུན་དུ་གཙང་འཕྱག་དང་ཕུང་གསོག་ཐེབས་པའི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།

བཅུ། སྒོ་ཕྱུགས་དང་བྱ་རིགས་དང་རྒྱང་རིང་ཙམ་སྡོད་དགོས་པ་མ་ཟད། རྔོན་ཤ་ཟ་མི་རུང་།

བཅུ་གཅིག བོད་དུ་སླེབས་པ་དང་བོད་དུ་ལོག་མཁན་རྣམས་དེ་མ་ཉིད་དུ་རང་རང་སོ་སོའི་ལས་ཁུངས་སམ་ཡང་ན་གྲོང་ཚོ(གྲོང་འབངས་)ཨུ་ཡོན་ལྷན་ཁང་ལ་འབྱོར་ཐོ་འགོད་པར་བསྐྱོད་དགོས་པ་དང་།ཚང་མ་གཏན་འབེབ་གཞིར་བཟུང་རང་འགུལ་ངང་རང་ཁྱིམ་དུ་ལོགས་སུ་སྡོད་དགོས།ཚ་བ་རྒྱས་པ་དང་གློ་རྒྱག་པའི་ནད་རྟགས་ཐོན་མ་ཐག་120ལ་ཁ་པར་རྒྱག་དགོས་པ་དང་འབྲེལ། གནས་གཏན་འཁེལ་གྱི་སྨན་ཁང་ལ་སྨན་བཅོས་བྱེད་པར་སྐྱོད་དགོས། སྨན་པ་བསྟེན་སྐབས་ཝུའུ་ཧན་སོཌ་སུ་བསྐྱོད་ཡོད་མེད་སྦ་གསང་མེད་པར་ཤོད་དགོས།

བཅུ་གཉིས། ཚན་རིག་དང་མཐུན་ལ་དཔྱོད་ཤེས་ཀྱི་སྒོ་ནས་རིམས་ནད་ལ་ལྟ་སྟངས་འཛིན་པ་ལས།དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་གཞན་ལ་མི་སྤེལ་བ་བཅས་བྱེད་དགོས།