ཨ་པུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་སྨན་དོན་མི་སྣར་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2020-02-28 10:15:00】

ཨ་པུས་གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས་སུ་རིམས་ནད་འགོག་འཛིན་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་གནང་བཞིན་པ།

       འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས25ཉིན་གྱི་སྔ་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཨ་པུའུ་སྔ་རྗེས་སུ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པ་དང་། ཆབ་དགོན་བྱམས་པ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་མི་དམངས་སྨན་ཁང་། གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས། ཁ་རུབ་ཆུས་གཅིག་སྡུད་རྒན་གསོ་ལྟེ་གནས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའི་གཞུང་དོན་ཁང་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་འཐབ་ས་དང་པོའི་ལས་བྱེད་པ་དང་སྨན་དོན་མི་སྣར་འཚམས་འདྲི་གནང་ཡོད།

ཨ་པུས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཚོགས་འདུ་གང་མང་འཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ་ང་ཚོས་ནད་ཡམས་སྔོན་འགོག་ཚོད་འཛིན་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་སའང་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེ་མོའི་ཆེད་དཀའ་ངལ་ཁྱད་དུ་བསད་པ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པ། གདོང་མཆོང་བྱེད་ཕོད་པ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཏེ་རང་སྐྱོང་ལྗོངས་དང་གྲོང་ཨུད་ཀྱི་ལས་དོན་བླང་བྱ་ནན་ཏན་ངང་དོན་འཁྱོལ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ཨང་དང་པོར་བཞག་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་པའི་སྲོག་སྐྱོབ་རྨས་སྐྱོར་གྱི་སྙིང་སྟོབས་གསལ་བཤད་བྱས་པས་ཁྱེད་ཚོར་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན་ཞེས་གསུངས།

      ཨ་པུས་རྒྱ་ཆེའི་སྨན་དོན་མི་སྣས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་བརྩིས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གདེང་ཚོད་བརྟན་དུ་གཏོང་བ། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན། ཏང་དང་མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་རེ་བ་བཏོན་ཡོད།