ཆབ་མདོ་གྲོང་ཁྱེར་གྱིས“ཐུག་རེག་བྱེད་མི་དགོས་པའི་ཐབས་ལམ”ལས་ཁྲལ་འཇལ་བར་སྟབས་བདེ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020-02-28 11:40:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུད་ཀྱིས་རང་སྐྱོང་ལྗོངས་ཀྱི་ཁྲལ་སྒྲུབ་འཇལ་གྱི་རྣམ་གྲངས192ཀྱི་དྲ་ཐོག་ནས་གཉེར་ཐུབ་པ་དང་། “ཐུག་རེག་བྱེད་མི་དགོས་པའི་ཐབས་ལམ”ལ་བརྟེན་ཏེ་དྲ་ཐོག་ནས་ཁྲལ་འཇལ་དང་གྲོན་འཇལ་གྱི་རྣམ་གྲངས་གསལ་ཐོ་དང་གླེང་མང་བའི་གནད་དོན་གྱི་དྲིས་ལན་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྲལ་འཇལ་བ་དང་གྲོན་འཇལ་བར་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་ཡོད། པར་འདི་ནི་ལས་དོན་མི་སྣས་དྲ་ཐོག་ནས་ཁྲལ་སྒྲུབ་གྲོན་འཇལ་ལས་དོན་སྒྲུབ་བཞིན་པ།