གྲོང་ཨུད་རྒྱུན་ཨུའི་ཚོགས་འདུ་ཐོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་དགོངས་དོན་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020-03-06 10:50:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས5ཉིན་གྱི་ཕྱི་དྲོ་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས་བློ་མཐུན་ཞི་ཅིན་ཕིང་དང་བློ་མཐུན་ཀྲའོ་ལི་ཅུས་རྣམ་གཉིས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་དང་སྙན་ཞུ་དང་། སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ལས་དོན་སྙན་སྒྲོན》ལ་ཞིབ་འཇུག་བྱས་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་གྲ་སྒྲིག་གནས་ཚུལ་ལ་གསན་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཨ་པུས་མཛུབ་སྟོན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་། ང་ཚོས་རང་ངོས་གསར་བརྗེ་བྱས་པའི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་དང་ནུས་ལྡན་གྱི་ལམ་ལུགས་གརྒྱས་བཤད་གཏིང་ཟབ་གནང་བ།

ཏང་ལ་དོ་དམ་དང་ཏང་སྐྱོང་བར་ངེས་པར་དུ་“གང་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ། མིག་སྔར་རང་རེའི་ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁབ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་ལ་སྔར་བས་འགྱུར་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་ལས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་མ་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གསུང་བཤད་དང་ཧྲུའུ་ཅི་ཝང་ཝེ་ཏུང་གི་ལས་དོན་སྙན་སྒྲོན་ལས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བླང་བྱ་ཁ་གསལ་བཏོན་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གོ་བ་གཏིང་ཟབ་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་མངོན་ཡོད་ལ། ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱ་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ང་ཚོས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྲིད་ཕྱོགས་དོན་འཁྱོལ་ཡོང་བར་བླང་བྱ་ཁ་གསལ་དང་བྱ་ཐབས་ཞིབ་ཕྲར་བཏང་བ་མངོན་ཡོད།

ཨ་པུས་ནན་གསུང་གནང་དོན། སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ལ་ཉེ་བས་དུས་ཚོད་ཐུང་ཞིང་འོས་འགན་ལྕི་བས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། འབད་འབུངས་སྟོབས་བརྩོན་གྱིས་རང་ངོས་གསར་བརྗེ་དང་ཐོག་མའི་བསམ་འདུན་བརྟན་པོར་འཆང་བའི་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཚོགས་འདུའི་གྲ་སྒྲིག་ཚོ་ཆུང་དང་ལས་དོན་མི་སྣ་ཡོངས་ཀྱིས་གྲ་སྒྲིག་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་ངང་ཆེ་རུ་བཏང་སྟེ་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱིས་གྲ་སྒྲིག་ལས་དོན་ཐད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཕྱོགས་སོ་སོའི་གྲོས་འགོ་དང་བསམ་འཆར་ནན་ཏན་ངང་གསན་ནས་འབྲེལ་ཡོད་སྙན་ཞུ་སྔར་བས་དག་བཅོས་དང་འཐུས་ཚང་དུ་བཏང་སྟེ་ཆབ་མདོའི་དོན་དངོས་དང་མཐུན་ཞིང་མང་ཚོགས་ཀྱི་རེ་འདུན་དང་འཚམས་པའི་སྙན་ཞུ་ལེགས་པོ་ཞིག་གྲུབ་པ་ཞིག་བྱེད་དགོས།

ཚོགས་འདུ་ཡིས་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།