སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་ངེད་གྲོང་ཁྱེར་གྱི་སྨན་དོན་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020-03-06 17:45:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་17གྱི་ངོས་ནས་བརྗོད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བ་ནི་ཁོང་ཚོར་འབྱོར་བའི་ལོ་གསར་པའི་ལག་རྟགས་ཡག་ཤོས་དེ་ཡིན་པ་གདོན་མི་ཟ། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེ་ངེད་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་སྨན་དོན་མི་སྣར་ལྕག་སྐུལ་གནང་བ་ཞིག་ཀྱང་རེད།

གྲོང་ཁྱེར་མི་དམངས་སྨན་ཁང་གི་ཞོར་གཏོགས་ཚན་ཁག་དང་པོའི་ཀྲུའུ་རེན་ཝང་ལི་པིང་གིས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སེམས་ཁུར་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངེད་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། ངེད་སྨན་ཁང་གི་ནད་གཡོག་དཔོན་ལིའུ་ཧྲ་ཧྲ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་མཐོང་སྐབས་ཁོ་མོས“བོད་དུ་སྡོད་པའི་སྨན་དོན་མི་སྣ་ཞིག་གི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་མཐོང་སྐབས་ངར་སེམས་འཕེལ་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།

ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་འཕྲོད་བསྟེན་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་ང་ཚོས་རང་ཉིད་ཀྱི་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།

གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་སྨན་པ་ཀྲའོ་ཅི་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་བརྒྱུད“རིམས་ནད”ཀྱི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་མཁན་སྨན་དོན་མི་སྣར་ལྕག་སྐུལ་དང་ངར་སེམས་ཧ་ཅང་ཆེན་པོ་སྐྱེས་ཡོད”ཅེས་བརྗོད། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་སྨན་པ་སྟོབས་རྒྱལ་གྱིས“རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་སླེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་མཛད་བྲེལ་ཆེ་ཡང་རྩ་ཆེའི་དུས་ཚོད་སྤྱད་དེ་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་སྨན་དོན་ལས་དོན་པར་རྒྱབ་སྐྱོར་དང་ཁས་ལེན་གནང་བ་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ལས་ང་ལ་ཐེངས་འདིའི་རིམས་ནད་སྔོན་འགོག་དམག་འཐབ་ལ་འགོག་རྒོལ་བྱེད་པའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བརྗོད།

གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་ལྟ་སྐུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་སྐྱིད་གཡང་འཛོམས་ཀྱིས་“ཏང་ཀྲུང་དབྱང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཆབ་མདོའི་འཕྲོད་བསྟེན་ལྟ་སྐུལ་བྱ་གཞག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡག་པོ་ཡོད་པའི་བར་ངས་ལྟ་སྐུལ་བ་ཞིག་གི་ངོས་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་འཐབ་ཕྱོགས་དང་པོའི་རིམས་འགོག་ལས་དོན་ནང་ཞུགས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་མི་དམངས་ཀྱི་མངགས་བཅོལ་ཆུད་ཟོས་སུ་གཏོང་གི་མིན”ཅེས་བརྗོད།