གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོཊ་པ།

གསར་འགྱུར་སྤེལ་དུས།  【2020-03-06 12:45:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས5ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཆབ་མདོར་འཚོགས་ནས་ན་ནིང་གི་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གནས་ཚུལ་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། མིག་སྔའི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གནས་བབ་དང་བསམ་ཡུལ་ལས་འདས་པའི་འགོག་ཟོན་ལ་དབྱེ་ཞིབ་བྱས་ནས་ཉེ་ལམ་གྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ལ་བཀོད་སྒྲིག་བྱས་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད། གྲོང་ཨུད་ཀྱི་གཅིག་འདོམས་བཀོད་སྒྲིག་འོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མ་དང་ལྷག་པར་དུ་ད་ལོའི་ཚུན་དུ་རིམ་ཁག་ཏང་སྲིད་རྩ་འཛུགས་དང་བརྟན་ལྷིང་ཆེད་དོན་ཚན་ཁག་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་བརྟན་ལྷིང་སྲུང་སྐྱོབ་ལ་དམ་འཛིན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བས་ཞོད་འཇགས་ཆབ་མདོ་སྐྲུན་པར་གྲུབ་འབྲས་གསར་པ་ཐོབ་ནས“དུས་ཆེན་གསུམ་པོ”དང་རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་ནུས་ལྡན་འགན་སྲུང་ཐུབ་ཡོད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། མིག་སྔར་ངེད་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་དང་ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་བ་ནི་བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་གོ་བ་ལེན་པ། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་འདི་ཐོག་མཐའ་བར་གསུམ་དུ་དམ་པོར་འཛིན་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཏུ་བདེ་སྡོད་ཉེན་བསམ་དང་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས།