མྱུར་སྐྱེལ་བསྐུར་མ་ལས་ཏོག་གསར་གློ་ཚད་འགོ་སྲིད་དམ།

གསར་འགྱུར་སྤེལ་དུས།  【2020-03-06 11:10:00】

      ཏོག་གསར་གློ་ཚད་མཆེད་ཁུལ་དུ་རེག་ཐུག་ནས་མཆེད་པའི་ཉེན་ཁ་འགོག་ཆེད་གཤམ་གསལ་གྱི་སྔོན་འགོག་བྱེད་ཐབས་སྤྱོད་དགོས།

1.བསྐུར་མ་སྐྱེལ་མཁན་གྱིས་བསྐུར་མ་ཐག་གཅོད་དང་སྐྱེལ་བའི་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས་ལ། སྦགས་བཙོག་མི་ཤོར་བ་ཡང་བྱེད་དགོས། ལྷག་དོན་དུ་བསྐུར་མ་ཐག་གཅོད་དང་སྐྱེལ་འདྲེན་བྱེད་རིང་མཆིལ་མ་མི་འཐོར་བ་བྱེད་དགོས།

2.བསྐུར་མ་ལེན་མཁན་གྱིས་བསྐུར་མ་སྐྱེལ་མཁན་དང་འབྲེལ་འདྲིས་མ་བྱུང་གོང་། ཡག་ཤོས་བྱུང་ན་སྔོན་ལ་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས། བསྐུར་མ་བླངས་རྗེས་ལག་ཤུབས་ཕུད་ནས། ཆུ་ཀ་ལར་ལག་པ་འཁྲུ་བའམ་ཡང་ན་དུག་སེལ་སྨན་ཆུས་འཁྲུ་དགོས།

3.བསྐུར་མ་ལེན་མཁན་ཁུལ་ཆུང་གི་སྒོ་ཁར་བསྐུར་མ་ལེན་པར་སྐྱོད་སྐབས། ཁྱིམ་ནས་མ་ཐོན་གོང་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས་པ་མ་ཟད། མི་ཉུང་སར་སྡོད་དགོས། བསྐུར་མ་བླངས་རྗེས་ལག་ཤུབས་ཕུད་ནས་ཆུ་ཀ་ལར་ལག་པ་འཁྲུ་བའམ་ཡང་ན་དུག་སེལ་སྨན་ཆུས་འཁྲུ་དགོས།

4.ཆ་རྐྱེན་ཡོད་སར་བསྐུར་མ་སྐྱེལ་མཁན་ལ་དངོས་པོ་མྱུར་སྐྱེལ་སྒམ་དུ་བླུག་ཏུ་འཇུག་དགོས། བསྐུར་མ་ལེན་མཁན་གྱིས་བསྐུར་མ་མ་བླངས་གོང་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས། བསྐུར་མ་བླངས་རྗེས་ལག་ཤུབས་ཕུད་ནས་ཆུ་ཀ་ལར་ལག་པ་འཁྲུ་བའམ་ཡང་ན་དུག་སེལ་སྨན་ཆུས་འཁྲུ་དགོས།

5.བསྐུར་མ་བླུག་སའི་ཤོག་སྒམ་དང་གད་སྙིགས་སོགས་འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་ལྟར་གད་གཞོང་དུ་བླུག་དགོས།