ཁོར་ཡུག་སྲུང་སྐྱོབ་ཀུན་ལ་འགན་འཁྲི་ཡོད།

གསར་འགྱུར་སྤེལ་དུས།  【2020-03-10 13:05:00】

      ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ལ་སྤྱི་འདོམས་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་རིགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་གྱིས་སྣོད་བཅུད་སྲུང་སྐྱོང་དང་གནས་སྡོད་ལ་འཚམ་པའི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱས་ཡོད། རི་བོ་ཆེ་རྫོང་ཟངས་སྟོད་གྲོང་རྡལ་སྟག་རི་ཐུང་གྲོང་ཚོའི་གྲོང་མིས་གད་སྙིགས་སྒྲུག་བཞིན་མཆིས།