ཨ་པུས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020-03-17 10:15:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས13ཉིན་གྱི་སྔ་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་བཀོད་འདོམས་པུའི་འབྲེལ་ཡོད་བླང་བྱ་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་བསམ་བློ་ངོས་འཛིན་སྔར་བས་མཐོར་གཏོང་དང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འོས་འགན་དང་པོ་དང་འགན་འཁྲི་དང་པོར་བརྩི་བ་དང་། སྔོན་བརྒལ་ཇུས་འགོད་དང་། བཀོད་སྒྲིག་ཞིབ་ཚགས། ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་ཇུས་འདོན། མཉམ་སྡེབ་དམག་འཐབ་བཅས་བྱས་ཏེ་ཆབ་མདོའི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་གང་ཡོད་སྒོ་ནས་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

ཨ་པུས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བས་རིམ་པ་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་བཅས་ཀྱིས་བཏོན་པའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འོས་འགན་དང་པོ་དང་འགན་འཁྲི་དང་པོར་བརྩིས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་ཆབ་མདོའི་སྤྱི་ཚོགས་རྣམ་པ་རྒྱུན་བསྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔོན་འགོག་གཙོ་བོར་བྱེད་པ་དང་། ཕྱི་ནས་མ་འགོས་པ་བཅས་མཐའ་འཁྱོངས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྷུ་ཚིགས་ཁག་ཏུ་གནས་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་གསེད་བཀྲོལ་དང་ཞིབ་བཤེར་བྱས་ཏེ་ཏན་ཏིག་ངང་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས།

གཙོ་གནད་ས་ཁུལ་དང་། གཙོ་གནད་མི་སྣ། མཐའ་མཚམས་དོ་དམ་ཚོད་འཛིན་དོན་འཁྱོལ་བྱས་ནས་ཁུག་གསང་སྟོང་གསུམ་མི་ལུས་པའི་འགན་ལེན་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་བྱེད་སྒོ་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོར་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པར་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཏན་ཏིག་ངང་མཐའ་འཁྱོངས་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཐོན་སྐྱེད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ་ཆབ་མདོའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཆབ་མདོར་ཚོགས་ར་གཙོ་བོ་དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།