ཆབ་མདོས་རིམས་ནད་སྔོན་འགོག་དང་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཆེ་མོའི་བྱེད་སྒོ་སྤེལ་བ།

ཨ་པུའུ་དང་ཁྲེན་ཅུན་རྣམ་གཉིས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷན་དུ་ཁྲོམ་གཞུང་དང་སྲང་ལམ་དུ་ཕེབས་ནས་གྲོང་ཁྱེར་འཕྲོད་བསྟེན་གྱི་གཙང་སྦྲ་ཆེ་མོའི་ལས་དོན་ཐུན་མོང་ཐོག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020-03-17 17:25:00】

འདི་ནི་གཙང་སྦྲ་གནང་རིང་ཨ་པུས་ཚོང་ཁང་གི་སྦྱིན་བདག་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས14ཉིན་ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ཁག་དང་འཐབ་ས་དང་པོའི་དང་བླངས་པ་ཚོས་ཁྲོམ་གཞུང་དང་སྲང་ལམ་གང་སར་ཕེབས་ནས་གྲོང་ཁྱེར་འཕྲོད་བསྟེན་གྱི་གཙང་སྦྲ་ཆེ་མོའི་བྱེད་སྒོ་སྤེལ་ཡོད།

ཞོགས་པ་སྔ་པོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཧྲེ་ཀྲང་ཁྲེན་ཅུན་སོགས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཆོས་ཁྲི་སྲང་ལམ་དང་། ཐེན་ཅིན་ཐང་ཆེན། གཙང་གསུམ་ལམ་ཆེན་སོགས་སུ་ཁག་སོ་སོར་ཕེབས་ནས་ཚང་མ་དང་ལྷན་དུ་གད་སྙིགས་གཙང་འཕྱག་དང་། ས་ངོས་གཙང་འཁྲུཚ འགོག་སྲུང་ལྕགས་དྲ་ཕྱིད་པ་སོགས་གནང་ནས་གྲོང་ཁྱེར་ཁོར་ཡུག་འཕྲོད་་བསྟེན་གྱི་ཁུག་ཆ་གཙང་བཟོ་དང་། གྲོང་ཁྱེར་ཁོར་ཡུག་གཙང་བཟོ་དང་མཛེས་བཟོའི་ཆུ་ཚད་མཐོ་རུ་བཏང་སྟེ་འབུ་ཕྲ་དང་ནད་དུག་ཐོན་པའི་འབྱུང་རྩ་གཙང་མ་བསལ་བ་རེད།

བྱེད་སྒོ་སྤེལ་རིང་། ཨ་པུས་མཐའ་འཁོར་གྱི་མང་ཚོགས་དང་། སྤྱི་བདེ་ཉེན་རྟོག་པ། ཚོང་གཉེར་སྦྱིན་བདག་བཅས་ལ་བྱམས་བརྩེའི་བཀའ་འདྲི་གནང་བ་དང་འབྲེལ་ཁོང་གིས་མི་ཚང་མས་ཤེས་དཔལ་ལ་སྣང་ཆེན་དང་། སྲོལ་ལུགས་ངན་པ་སྒྱུར་བཅོས། གཙང་སྦྲར་དགའ་ཞེན་བཅས་ཁྲིད་སྟོན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པར་རང་ཉིད་ཀྱི་ནུས་ཤུགས་འདོན་དགོས། ཚང་མས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོ་ནང་ཧུར་ཐག་ངང་ཞུགས་པ་དང་ཁོར་ཡུག་འཕྲོད་བསྟེན་གཅེས་སྐྱོང་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་ཡོད།

“མིག་སྔར། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཀྱང་། སྔོན་འགོག་ཚོད་འཛིན་གྱི་དུས་བབ་ད་དུང་སྔར་བཞིན་རྙོག་འཛིང་ཆེ་བས་ལྷོད་གཡེང་དང་སྣང་ཆུང་བྱེད་མི་རུང། ང་ཚོས་མུ་མཐུད་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་གཙོ་གནད་ལས་དོན་ཏན་ཏིག་དང་ཞིབ་ཚགས། ཡག་པོ་བཅས་བསྒྲུབས་ཏེ། ཆབ་མདོ་གྲོང་ཁྱེར་གྱི‘བདུན་ལྡན་གྲོང་ཁྱེར་མཉམ་དུ་གཏོད་པའི’ལས་དོན་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཧྲང་གོ་ཁོན་གྱིས་བརྗོད།