ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱོད་བཟང་གི་ལས་དོན་སྤེལ་འདུག

གསར་འགྱུར་སྤེལ་དུས།  【2020-03-17 16:30:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཏང་ཙུའུ(ཏང་ཨུད)དང་། ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་དུ་བླངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྱོན་མི2968ཀྱིས་རང་འགུལ་ངང་མ་དངུལ་སྒོར836922ཞལ་འདེབས་སུ་ཕུལ་བ་དང་དེ་མིན་དམིགས་བསལ་གྱི་ཏང་དངུལ་སྒོར5200ཡོད། གཞན་ཏང་ཡོན870ཡིས་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པ་དང་བོད་ལྗོངས་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་བརྒྱུད་ནས་ཁྱོན་མ་དངུལ་སྒོར377316ཞལ་འདེབས་སུ་ཕུལ་ཡོད།