ལྷོ་རོང་རྫོང་དུ་ཐོན་ལས་རྣམ་གྲངས་བརྒྱུད་མང་ཚོགས་འབབ་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2020-03-17 17:45:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་དུས། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ལྷོ་རྫོང་ཁྱད་ལྡན་ལས་སྣོན་བཟོ་གྲྭ་རྒྱས་སྐྲུན་གྱི་རྣམ་གྲངས་སོགས་རྣམ་གྲངས་གསུམ་བརྒྱུད་ཁག་སོ་སོར་རང་སོ་སོའི་ཐོན་ལས་རྣམ་གྲངས་ཁུལ་དུ་མ་རྐང་ནང་ཞུགས་པའི་མང་ཚོགས་ལ་ལོ་མཇུག་གི་ཁེ་སྤོགས་བགོ་འགྲེམ་ཐུབ་པ་དང་། ཐོན་ལས་རྣམ་གྲངས་དེ་གསུམ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༦༤༦ གི་མི ༡༥༠༡ ཚུད་པའི་མང་ཚོགས་ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་ཚོ ༥༨ རགས་ཡོད་པ་རེད།།