དམག་སྦྱོང་དུང་བརྡ་ལྷང་ལྷང་གྲགས། དཔོན་དམག་ངར་ཤུགས་གཅིག་ཏུ་བསྒྲིལ།

—— ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གི་མེ་གསོད་སྦྱོང་བརྡར་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020-03-17 13:45:00】

ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་མེ་སྐྱོན་ཁོར་ཡུག་འདྲ་བཟོ་བྱས་ཏེ། མེ་གསོད་དཔོན་དམག་གི་སེམས་ཁམས་ལ་སྦྱོང་བརྡར་སྤྲས་པ་བརྒྱུད། ཉེན་ཁ་ཆེ་བའི་མེ་སྐྱོན་ཁོར་ཡུག་ཁྲོད་ཀྱི་མེ་གསོད་དཔོན་དམག་གི་སེམས་ཁམས་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་ལས་འགན་ཁག་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཤིང་། ཏང་དང་མི་དམངས་ཀྱི“མཚན་མོ་སྲུང་མཁན”ཡག་པོ་ཞིག་བྱས་པ་རེད།

མིག་སྔ་ནི་བོད་ཀྱི་ཤར་རྒྱུད་ས་ཁུལ་གྱི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་ཤིག་ཡིན་པས་མེ་ཟོན་གྱི་དུས་བབ་ཤིན་ཏུ་ཛ་དྲག་པོ་ཡོད།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་དངོས་འཐབ་སྦྱོང་བརྡར་གྱི་བླང་བྱ་གཞིར་བཟུང་། བཀོད་འཐབ་པའི་སེམས་ཁམས་བྱང་ཚད་མཐོ་རུ་དང་མེ་སྐྱོན་གྱི་ཉེན་ཁ་ལས་འགག་རྩའི་དུས་སུ་གཡོལ་ཐབས་བྱེད་པའི་རྩལ་ནུས་ཆེ་རུ་བཏང་སྟེ། ཉེན་ཁ་ཆེ་བའི་གནས་ཚུལ་འཕྲད་སྐབས་འཚབ་འཚུབ་མེད་པ་དང་ཉེན་ཁ་ལས་ཡང་དག་གཡོལ་ནས་བདེ་འཇགས་ངང་མེ་གསོད་མེ་ཟོན་གྱི་ལས་འགན་ལེགས་གྲུབ་བྱ་ཆེད། མེ་སྐྱོན་ཁོར་ཡུག་འདྲ་བཟོ་བྱས་ཏེ་མེ་གསོད་རུ་མིའི་སེམས་ཁམས་ལ་སྦྱོང་བརྡར་ཚགས་དམ་པོ་བྱས་པ་རེད།

སྦྱོང་བརྡར་མཇུག་འགྲིལ་རྗེས། སློབ་སྟོན་པས་ད་ཐེངས་ཀྱི་སྦྱོང་བརྡར་ལ་ཕྱོགས་སྡོམ་དང་དཔྱད་བསྡུར་བྱས་པ་མ་ཟད། ད་དུང་སྦྱོང་བརྡར་ཁྲོད་ལྷག་པའི་གནད་དོན་དང་དེའི་ཡོ་བསྲང་བྱ་ཐབས་བཏོན་པས། མེ་གསོད་དམག་འཐབ་ཁྲོད་ཉེན་ཁ་འཕྲད་སྐབས་འཚབ་འཚུབ་མི་བྱེད་པ་དང་། གནས་ཚུལ་གང་ཞིག་འཕྲད་ཀྱང་དངངས་སྐྲག་མི་བྱེད་པ། འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་པ་བཅས་ཀྱི་རུ་མིའི་སེམས་ཁམས་བྱང་ཚད་སྔར་བས་མཐོ་རུ་སོང་བ་རེད།

སེམས་ཁམས་སྦྱོང་བརྡར་བརྒྱུད། ནཌ་ཚལ་མེ་སྐྱོན་སྐབས་དངངས་སྐྲག་དང་ཞེད་སྣང་བྱེད་པའི་སེམས་ཁམས་ལ་བཀོད་འཐབ་པ་ཡོངས་ཀྱིས་ཁྱད་དུ་བསད་པ་དང་། སེམས་ཁམས་བྱང་ཚད་མཐོ་རུ་ཕྱིན་པ། ཁོར་ཡུག་ངན་པར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ནས། དཔུང་ཁག་གིས་མེ་ཟོན་དུས་སྐབས་ཀྱི་དམག་རྒྱག་གྲ་སྒྲིག་གི་ལས་འགན་ལེཌ་སྒྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།