རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གློག་ཤུགས་འདོན་སྤྲོད་དང་འགན་སྲུང་བྱ་བར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020-03-20 10:25:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། 2019ལོར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་དངོས་འཛིན་དངོས་སྒྲུབ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ། ལོ་ཧྲིལ་བོར་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར9.83བཏང་བ་དང་། ལོ་ཧྲིལ་བོར་བསྡོམས་པས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར12.38ཟིན་པ་དེ་དུས་མཉམ་ལས25.73%འཕར་བ་དང་། གློག་བཙོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་7.66ཟིན་པ་དེ་དུས་མཉམ་ལས7.39%འཕར། གློག་རིན་སྒོར་ཁྲི604.46སྤྲད་ཡོད་པ་དང་ཆ་སྙོམས་གློག་རིན་ཆུ་ཚོད་རེར་སྒོར604.46ཡིན་པ་རེད།

གློག་དྲ་འཛུགས་སྐྲུན་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ། “ཆུས་གསུམ་དང་ཁུལ་གསུམ”གྱི་རྣམ་གྲངས་ལ་ཞིབ་འཇུག་བྱས་ནས་རྣམ་གྲངས46ལ་ཆོག་མཆན་ཐོབ་པ་དང་། སྐོར་གཉིས་པའི་དྲ་ཆེན་གློག་གཏོང་ལས་གཞི8ལ་ཞིབ་འཇུག་ཆོག་མཆན་ཐོབ། “ཆུས་གསུམ་ཁུལ་གསུམ”གྱི་སྒོར་དུང་ཕྱུར19.49བཏང་ཡོད་པའི་ཞིང་སྡེའི་གློག་དྲ་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། དྲ་ཆེན་གློག་གཏོང་ལས་གཞི་སྐོར་གཉིས་བ(ཆན་ཧྥུ35ཡི་རྣམ་གྲངས1དང་ཆན་ཧྥུའུ10ཡི་རྣམ་གྲངས7)སྤེལ་འགོ་ཚུགས་ཤིང་། མིག་སྔར་ར་བ་ཁོད་སྙོམས་དང་རྨང་གཞིའི་སྔོག་འདོན་ལས་དོན་སྤེལ་བཞིན་ཡོད།

ཞབས་ཞུ་སྤུས་ལེགས་མངོན་གསལ་སྒོས་མཐོར་འདེགས་བྱུང་བ། འཕྲིན་སྦྲེལ+གློག་རིན་འཇལ་བའི་ཐབས་ལམ་བཀོལ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ། གློག་རིན་མ་དངུལ་གྱི་རྩིས་སུབ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་། སྔོན་བསྡུ་གློག་རིན་ཁ་འཐབ་གཏོང་བ་དང་ནང་ཁུལ་གྱི་རྩིས་སྤོ་ཆོག་མཆན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཁྲོད་ནས2019ལོའི་ལོ་འཁོར་གྱི་གློག་གྲོན་གྱི་རྩིས་ཐོ་མེད་པར་བཟོས་བའི་བྱ་བ་སྔོན་ལ་ལེགས་འགྲུབ་བྱུང་། རྫོང་ཀུང་སིས་ཁྱིམ་ཚང9ལ“གསང་སྤྱོད་གསར་བརྗེའི”གློག་འཐེན་པར་འགན་སྲུང་བྱས་པ་དང་། གློག་ཤུགས་འགན་སྲུང་སྐོར་གྱི་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པ་རེད།