ཆབ་མདོ་གྲོང་ཁྱེར་གྱིས་དཔྱིད་དུས་སློབ་འགོ་ཚུགས་པའི་སློབ་དེབ་འགྲེམ་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020-03-20 10:30:00】

     ཉེ་ལམ་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཁོང་གཏོགས་ཀྱིས་དཔྱིད་དུས་སློབ་འགོ་ཚུགས་པའི་ལད་ཟློས་ནང་སྦྱོང་སྤེལ་ནས་དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། པར་འདི་ནི་སློབ་འགོ་ཚུགས་པའི་ལད་ཟློས་ནང་སྦྱོང་གི་ལས་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། དཔྱིད་དུས་ཀྱི་སློབ་དུས་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་དང་ཞིན་ཧྭ་དཔེ་ཚོང་ཁང་གིས་དཔྱིད་དུས་ཀྱི་སློབ་གཞི་དང་ཟུར་ཁྲིད་དེབ1973588ཚང་མ་རྫོང(ཆུས)སོ་སོའི་སློབ་གསོ་ཅུའུ་དང་ཅུའུ་ཐད་གཏོགས་སློབ་གྲྭ་སོ་སོར་སྤྲད་དེ་སློབ་འགོ་ཚུགས་པའི་སྔོན་གྱི་སློབ་དེབ་དམིགས་སར་འབྱོར་བར་ཁག་ཐེག་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་དང་ཞིན་ཧྭ་དཔེ་ཚོང་ཁང་གིས་སློབ་དེབ་ཀྱི་གྲངས་འབོར་དང་ལམ་ཐག་རིང་ཐུང་ཟུང་འབྲེལ་བྱས་ཏེ། ལུགས་མཐུན་ངང་སློབ་དེབ་སྤྲོད་པའི་དུས་ཚོད་རེའུ་མིག་བཟོས་ནས་རྫོང(ཆུས)སོ་སོའི་སློབ་གྲྭ་དག་ལ་དུས་མཚམས་དབྱེ་ནས་ལེན་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་སློབ་དེབ་ཉར་ཚགས་བྱ་ཡུལ་དུ་དུག་སེལ་དང་གཙང་བཤེར་ཡག་པོ་བྱས་ནས། དཔེ་དེབ་བགོས་སྤྲོད་དང་ལེན་པའི་བརྒྱུད་རིམ་ཁྲོད་ཀྱི་འགོག་སྲུང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་པ་རེད།