ཆབ་མདོ་གྲོང་ཁྱེར་གྱི་ཆུ་བེད་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020-03-20 10:25:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། གསར་འགོད་པས་ཆུ་བེད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2020ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་དུས་ལྟར་ལས་འགོ་བསྐྱར་འཛུགས་བྱས་ཡོད།

མིག་སྔའི་ཚུན་དུ། གྲོང་ཁྱེར་ཡོངས་སུ་མཐུད་སྐྲུན་རྣམ་གྲངས4ཡོད་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.75བཏང་ཡོད། དེའི་ཁྲོད་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་གྲྭ་ཚང་དཀར་ཆུ་མཛོད་དེ་ཟླ2པའི་ཚེས29ཉིན་ལས་འགོ་བསྐྱར་འཛུགས་བྱས་པ་དང་། མཛོ་སྒང་རྫོང་གི2019ལོའི་ཤིན་ཏུ་དབུལ་བའི་གྲོང་ཚོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། སྨར་ཁམས་རྫོང་ཟུར་རྡོ་ཤོད་ཤང་གི་ཞིང་ཆུ་གཏོང་ཁུལ་གྱི་ཆུ་གྲོན་ཆུང་སྒྱུར་བཀོད། ཆབ་མདོ་གྲོང་ཁྱེར་གྱི2019ལོའི་ཆུ་ལོག་གི་གནོད་འཚེའི་ལས་གཞི་མིན་པའི་བྱ་ཐབས་རྣམ་གྲངས3འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་རྒྱུ་ཆ་གྲ་སྒྲིག་གི་ལས་དོན་སྤེལ་བ་རེད། རྣམ་གྲངས7གསར་སྐྲུན་བྱས་པར་བསྡོམས་པས་མ་དངུལ་སྒོར་ཁྲི8642.44བཏང་ཡོད། དེའི་ཁྲོད་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གཡུ་མཚོའི་ཆུ་ལམ་བཅོས་སྐྱོང་ལས་གཞི་དང་། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྒྱབ་རི་རྩ་ཆུ་ལོག་བཅོས་སྐྱོང་ལས་གཞི། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཀྱོ་ལུང་མདོ་བའི་བཅོས་སྐྱོང་ལས་གཞི། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འདན་ཁོག་ཤང་གི་ཆུ་ལོག་ལུང་རོང་བཅོས་སྐྱོང་ལས་གཞི་བཅས་ཀྱི་འོས་སྐུལ་ལས་དོན་ལེགས་གྲུབ་ཟིན་ནས་ཟླ3པའི་ཚེས15ཉིན་ལས་འགོ་འཛུགས་རྩིས་ཡོད། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཀྲུང་གླིང་ཁ་ཁྲུང་ཡུས་ཆུ་ལམ་བཅོས་སྐྱོང་ལས་གཞི་དང་། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་གི་འབྲུབ་འགོག་ཆུ་རགས། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཕུ་ལུང་རོང་གི་ཆུ་ལོག་བཅོས་སྐྱོང་ལས་གཞི་བཅས་སུ་འོས་སྐུལ་ལས་དོན་ལེགས་གྲུབ་ཟིན་པ་དང་ཟླ3པའི་ཚེས15ཉིན་གོང་འོས་སྐུལ་ལས་དོན་ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད།