ཆབ་མདོ་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020-03-24 10:25:00】

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ།ཆབ་མདོ་གྲོང་ཁྱེར་གྱིས་ཚོང་རའི་དངོས་རྫས“འགན་སྲུང་བརྒྱད་དང་བརྟན་རླིང་གཅིག“གི་བྱ་བ་དང་ཁེ་ལས་ཐོན་སྐྱེད་སླར་གསོ་བྱེད་པའི་འབྲེལ་ཡོད་བྱ་བར་ལེགས་པོར་བསྒྲུབས་ཏེ། གོ་རིམ་ལྡན་པའི་ངང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ཡོད།

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས་རྫོང་དང(ཆུས)སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོའི“འགན་སྲུང་བརྒྱད་དང་བརྟན་རླིང་གཅིག“བྱ་བའི་བླང་བྱ་གཅིག་གྱུར་ཧུར་ཐག་བྱས་ཏེ། བྱ་བའི་འགན་འཁྲི་ཁ་གསལ་བཟོ་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་དངོས་ཟོག་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་། རིན་གོང་སྒྲིག་ལམ་ལེགས་པ། ཟོག་གོང་ཕལ་ཆེར་བརྟན་པོ་ཡིན་པ་བཅས་ལ་ཁག་ཐེག་བྱས། རྒྱུས་ལོན་པ་ལྟར་ན། ཟླ3པའི་ཚེས19ཉིན་བར་དུ་འབྲུ་རིགས་གསོག་ཚད་ཏུན4524.55ཟིན་པ་དང་། བཟའ་སྣུམ་ཏུན514.38། མར་ཏུན40། ཕག་ཤ་ཏུན215.3། ནོར་ཤ་ཏུན386.4བཅས་ཟིན་ནས་གསོག་ཚད་འདང་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་སྐོར་གྱི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་ནས། 2020ལོར་བསྡོམས་པས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས93དང་རྣམ་གྲངས་བྱེ་བྲག264བཀོད་སྒྲིག་བྱས་པ་དང་། ལོ་ཧྲིལ་བོར་དངུལ་གཏོང་སྒོར་དུང་ཕྱུར210ལེགས་འགྲུབ་བྱ་རྩིས་ཡོད། དེའི་ཁྲོད། བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས51དང་རྣམ་གྲངས་བྱེ་བྲག152ཡོད་དེ། ལོ་ཧྲིལ་བོར་དངུལ་གཏོང་སྒོར་དུང་ཕྱུར165ལེགས་འགྲུབ་བྱ་རྩིས་ཡོད། གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས42དང་རྣམ་གྲངས་བྱེ་བྲག112ཡོད་ལ། ལོ་ཧྲིལ་བོར་དངུལ་གཏོང་སྒོར་དུང་ཕྱུར45ལེགས་འགྲུབ་བྱ་རྩིས་ཡོད། ཟླ3པའི་ཚེས20ཉིན་བར་དུ། གྲོང་ཁྱེར་ཡོངས་ཀྱིས་ལས་འགོ་བསྐྱར་ཚུགས་བྱུང་བའི་རྣམ་གྲངས་བྱེ་བྲག145ཡོད་པ་དང་། ལས་འགོ་བསྐྱར་ཚུགས་བྱེད་ཚད55%ལ་སླེབས་ཡོད་པ་རེད།