ལྷོ་རོང་རྫོང་གི་གློག་མེད་པའི་གྲོང་རྡལ་མཐའ་མ་དེར་གློག་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020-03-31 11:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།ལྷོ་རོང་རྫོང་གི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭའི་ཤོ་པ་མདོ་གྲོང་རྡལ་གྱི་ཆན་ཕུའུ་35ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་སྤྱོད་འགོ་ཚུགས་པ་དང་སྦྲགས་གློག་ཀྱང་གཏོང་འགོ་ཚུགས་ཤིང་། དུས་དེ་ནས་བཟུང་ལྷོ་རོང་རྫོང་གི“གློག་མེད་པའི་གྲོང་རྡལ”མཐའ་མ་དེར་གློག་ཤར་གཏོང་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་ཆན་ཕུའུ་35ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་དེ་2019ལོའི་ཟླ་5པའི་ཟླ་མཇུག་ཏུ་སྐྲུན་འགོ་ཚུགས་པ་དང་། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་ཁྲི་1532བཏང་བ། ཨར་ལས་བྱ་ཡུལ་གྱི་ཆ་སྙོམས་ས་བབ་སྨི་3500ཟིན་གྱི་ཡོད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་མཁོ་འདོན་ཀུང་སིས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱེད་པའི་ཁྲོད། མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། གློག་དྲའི་ལས་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ལས་གྲྭ་དེ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་ལས་ཤོ་པ་མདོ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་7དང་རང་བྱུང་གྲོང་ཚོ་34ཡི་མི་གྲངས་5300ཙམ་གྱི་གློག་མེད་པའི་དཀའ་ངལ་ཐག་གཅོད་ཐུབ་པ་དང་། ཤོ་པ་མདོ་གྲོང་རྡལ་གྱི་ཐག་རིང་ལུང་ཁུག་གི་དཀའ་ངལ་ཡོད་པའི་གྲོང་ཚོ་རེ་འགས་ཆུ་ཤུགས་གློག་ཁང་ཆུང་གྲས་ལ་བརྟེན་ནས་གློག་གཏོང་གློག་སྤྱོད་པར་སྤུས་ཚད་མཐོ་པོ་མེད་པ་དང་། བདེ་འཇགས་མེད་པ། གློག་གཏོང་མཚམས་ཡང་ཡང་ཆད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ལྷོ་རོང་རྫོང་གི་གློག་དྲའི་དྲ་སྒྲོམ་དང་གློག་སྤྱོད་པའི་བདེ་འཇགས་ཐད་ཀྱི་བློས་བཀལ་ཆོག་པའི་རང་བཞིན་ཆེ་རུ་ཏན་ཏིག་སོང་ནས་ལྷོ་རོང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ནུས་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།